分享按钮

ལྷུན་གྲུབ་རྫོང་གིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ།

(པར་ངོས་དང་པོར་མཐུད)ཏང་འཛུགས་སྐྱོང་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕན་ནུས་ཆེན་པོ་རིམ་བཞིན་མངོན་པར་བྱས་ཡོད།“དྲ་བ་གཅིག་དང་། གསར་པ་གཉིས། ཤུགས་སྣོན་གསུམ”དང་། “འཕྲད་པ་བཞིའི”འདུམ་འགྲིག་ཐབས་ལམ་གསར་པ་ལག་བསྟར་བྱས་ཏེ།“དཔོན་བཞི་མཉམ་འདྲེན”གྱི་ཚོགས་འདུ་དང་།འདུམ་འགྲིག་དང་གཏུག་བཤེར་སྦྲེལ་མཐུད་ཀྱི“འདུམ་འགྲིག་གསུམ་གྱི་མཉམ་འགུལ”སོགས་ཀྱི་ལམ་སྲོལ་ཕྱོགས་བསྡུས་བེད་སྤྱོད་བྱས་པ་དང་། སྔ་རྗེས་སུ“གཅིག་འཐུས་རྣམ་པའི་”འགལ་བ་དང་རྩོད་གཞི་སྣ་མང་འདུམ་འགྲིག་ལྟེ་གནས་ཀྱི་ཚོད་ལྟའི་དཔེ་མཚོན་དང་།

གཏུག་བཤེར་འབྱུང་ཁུངས་བཅོས་སྐྱོང་གི“ཁྲིམས་དཔོན་ས་ཚིཊ”བཏོད་དེ་གཏུག་བཤེར་མ་བྱས་གོང་དང་།གཏུག་བཤེར་བྱེད་པའི་ཁྲོད།གཏུག་བཤེར་བྱས་རྗེས་བཅས་ཀྱི་ལྷུ་ཚིགས་ཁག་ནས་གཏུག་བཤེར་འབྱུང་ཁུངས་བཅོས་སྐྱོང་གི་ལས་དོན་སྔར་བས་གཏིང་ཟབ་ཏུ་བཏང་ཡོད།2023ལོ་ནས་བཟུང་། རྫོང་ཡོངས་ཀྱི་འགལ་བ་དང་རྩོད་གཞི་སྣ་ཚོགས་འདུམ་འགྲིག་ལེགས་འགྲུབ་བྱུང་ཚད་བརྒྱ་ཆ་93.94ཟིན་པ་དང་། རྫོང་ཡོངས་ཀྱི་གྱོད་གཞིའི་གཏུག་བཤེར་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་24.61ཆག་ཡོད།

བདེ་སྐྱིད་གཡང་འཛོམས་ཀྱིས་ཕྱིས་འབྱུང་། གཅིག་ནས་ཚུགས་གནས་མཐོ་བ་ལག་བསྟར་བྱེད་པ་སྟེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ཏང་གིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཕན་འབྲས་དངོས་ལ་འགྱུར་བར་བྱས་ནས་གཞི་རིམ་བཅོས་སྐྱོང་གི་སྤྱི་ཚོགས་ཕན་ནུས་ཆེ་རུ་གཏོང་རྒྱུར་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་པ་དང་། གཉིས་ནས་ཚད་གཞི་མཐོ་བར་སྐུལ་འདེད་གཏོང་བ་སྟེ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་བཏང་ནས་དམིགས་ཡུལ་གཏན་འཁེལ་གྱིས་སྒྲིག་འཛུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཐོག་གཅིག་གྱུར་འཆར་འགོད་ནུས་ཆེ་ཡོང་བའི་འགན་ལེན་བྱེད་པ།གསུམ་ནས་སྤུས་ཚད་མཐོ་བ་དོན་འཁྱོལ་བྱེད་པ་སྟེ། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལས་ཀའི་ཕྱོགས་སྟོན་དུ་བརྩིས་ནས་སྤྱི་ཚོགས་བཅོས་སྐྱོང་གི་བྱ་སྤྱོད་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ནུས་པ་དངོས་ཐོན་པ་བཅས་བྱ་རྒྱུ་རེད་ཅེས་བཤད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-25 6 6 拉萨日报藏文 c179942.html 1 ལྷུན་གྲུབ་རྫོང་གིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ། /enpproperty-->