(པར་ངོས་དང་པོར་མཐུད)འཇམ་དབྱངས་བློ་གྲོས་ཀྱིས་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་ལ་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་རྒྱུ་ནི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་ལ། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། ལས་འགན་གཙོ་བོ་ནི་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་སྒྲིག་ཁྲིམས་ལ་སློབ་སྦྱོང་དང་།སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ།སྒྲིག་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། རང་གཅུན་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་འགོག་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། དམིགས་ཡུལ་གཙོ་བོ་ནི་ཏང་ཡོན་དང་ལས་བྱེད་པ་རྨོངས་གཉིད་ལས་སད་དུ་འཇུག་པ་དང་།མ་མཐའི་མཚམས་ཐིག་ཤེས་སུ་འཇུག་པ།གུས་ཤིང་སྐྲག་པ་ཤེས་སུ་འཇུག་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་དང་།སྒྲིག་ཁྲིམས་ཀྱི་ཚུགས་གནས། ཀུན་སྤྱོད་ཀྱི་ཚུགས་གནས།རུལ་སུངས་འགོག་ཤུགས་ཀྱི་ཚུགས་གནས་བཅས་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་།སྤྱོད་གཙང་།འགན་འཁུར་ཕོད་པ་བཅས་བྱས་ཏེ་སྒྲིག་ཁྲིམས་ནན་པོར་བརྟེན་ན“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས”ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
འཇམ་དབྱངས་བློ་གྲོས་ཀྱིས་སྒྲིག་ཁྲིམས་ནི་ཏང་དོ་དམ་དང་ཏང་སྐྱོང་བའི“ཚད་གཞི”ལྟ་བུ་ཡིན་ལ།ཏང་ཡོན་དང་ལས་བྱེད་པས་རང་ངོས་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ཚད་གཞི་དང་བརྩི་སྲུང་ཞུ་ས་ཞིག་ཀྱང་ཡིན། མིག་སྔར། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཟིན་པས་ཚང་མས་དགོས་གཏུག་གི་བསམ་པ་ཆེ་རུ་བཏང་ནས་མགྱོགས་མྱུར་བྱ་སྤྱོད་སྤེལ་དགོས་ལ། དམ་འཛིན་ཡུན་རིང་བྱ་རྒྱུ་རྒྱུན་འཁྱོངས་བྱས་བྱེད་དགོས་པ་དང་།སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་།སློབ་སྦྱོང་ལ་བརྟེན་ནས་སྒྲིག་ཁྲིམས་རྟོགས་པར་བྱེད་པ།སློབ་སྦྱོང་ལ་བརྟེན་སྒྲིག་ཁྲིམས་ཤེས་པར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྒྲིག་ཁྲིམས་སྲུང་ཐུབ་པ་བཅས་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ། དེ་བཞིན་ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་གཉེར་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་དང་། གྲོང་ཁྱེར་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས། སློབ་སྦྱོང་ནན་ཏན་དང་། ཞིབ་ཚགས་པ། སྤེལ་རེས་དང་བགྲོ་གླེང་གཏིང་ཟབ་བཅས་བྱས་ཏེ་དཔེ་ཀློག་འཛིན་གྲྭ་གཉེར་བའི་གྲུབ་འབྲས་དང་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་།ཀྲུའུ་ཞི་གཞོན་པ་ཡུའེ་གོ་ཧུང་དང་། ཟླ་བ། ལིའུ་ལེང་། སུང་ལིའུ་ཀྲུའུ་བཅས་དང་དེ་བཞིན་དྲུང་ཆེ་ཙོའུ་ཡུས་མིང་བཅས་ཚོགས་འདུར་ཞུགས་ཡོད།
གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་རྫོང་རིམ་པའི་ལས་བྱེད་པ་དང་ཚན་པ་ཁག་གི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་གནང་ཡོད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社