ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱི་2024ལོར་སྤྱོད་ཚུལ་སྔར་བས་ལེཊ་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་ཏན་ཏིག་སྒྲུབ་ཆེད། ཟླ་4ཚེས་22ཉིན།ལྷ་ས་གྲོང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེཊ་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་2024ལོའི་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཆེ་ཀྲང་ཁྲུན་དབྱང་ཚོཊ་འདུར་ཞུགས་ཡོད་པ་རེད།
ཚོཊ་འདུའི་ཐོག རང་སྐྱོང་ལྗོངས་ཀྱི་སྤྱོད་ཚུལ་སྔར་བས་ལེཊ་གཏོང་དང་ལས་དོན་ཇུས་གཞིའི་གཙོ་དོན་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱས་ནས་2024ལོ་ཚུན་གྱི་འབྲེལ་ཡོད་ཚན་པ་ཁག་གིས་སྤྱོད་ཚུལ་ལེཊ་གཏོང་ཐད་ཤུཊ་སྣོན་རྒྱག་རྒྱུ། ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་ལས་དོན་ཐད་མཛུབ་སྟོན་གནང་བའི་གནས་ཚུལ་ལ་གསན་ཞིང་། དུས་མཚམས་རྗེས་མའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
ཚོཊ་འདུའི་ཐོག གནད་དོན་གྱི་ཁྲིད་སྟོན་དང་།དམིཊ་ཚད་ཀྱི་ཁྲིད་སྟོན། འབྲས་བུའི་ཁྲིད་སྟོན་བཅས་མཐའ་འཁྱོངས་བྱས་ཏེ“འཛུཊ་གཏོད་བཞིར”ཤུཊ་རྒྱག་པ་དང“གདོང་དམག་བདུན”ཡག་པོ་བྱེད་པར་དམིཊ་ནས་འདི་ལོའི་སྤྱོད་ཚུལ་སྔར་བས་ལེཊ་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་པ་དང་།
ལྷག་པར་དུ་ལྗོངས་ཏང་ཨུད་དང་ལྷ་ས་གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོའི་འབྲེལ་ཡོད་མཛུབ་སྟོན་དང་མཆན་བཀོད་དོན་འཁྱོལ་ལ་རྗེས་འདེད་ལྟ་སྐུལ་བྱེད་པ་དང་།ལྗོངས་ཏང་ཨུད་སྤྱོད་ཚུལ་གཞུང་དོན་ཁང་གིས་སྤྲད་པའི་ལས་དོན་ལས་ཆོད་ཆེ་བའི་སྒོ་ནས་སྒྲུབ་པར་དམ་འཛིན་བྱེད་པ། ལྗོངས་ཏང་ཨུད་སྐོར་ཞིབ་ཚོཊ་ཆུང་གིས་ཚུར་ལན་བྱས་པའི་གནད་དོན་དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཀྱི“ཆེད་དོན་ཚན་པ་བརྒྱད”ཀྱི་ལས་ཀའི་ཕན་འབྲས་ལ་དམ་འཛིན་བྱེད་པ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་དམིགས་ཚད་དང་ལས་འགན་དོན་འཁྱོལ་ཞིབ་ཕྲ་བྱེད་པ། གྲོང་ཨུད་ཀྱི“ལས་ཀའི་རྩ་དོན་ལྔ”ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་དོ་སྣང་ཆེན་པོ་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ནུས་ཤུགས་ཡོད་རྒུ་འདོན་པ།
(པར་ངོས་གསུམ་པར་གཟིཊ)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社