分享按钮

ལྷུན་གྲུབ་རྫོང་གིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་གཏིང་ ཟབ་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དེའི་ཐོག་ནས་གྲོང་ཨུད་ཀྱིས་གཞི་རིམ་དང་རྨང་གཞིར་དམ་འཛིན་ཆེན་པོ་བྱེད་པའི་ཁ་ཕྱོགས་དང་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད་པས། གྲོང་ཁྱེར་ཡོངས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཚོགས་འདུ་འཚོགས་རྗེས། ལྷུན་གྲུབ་རྫོང་དུ་ཚོགས་འདུའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་ལེའུ་གསར་པ་བརྩམས་ཡོད།

ཚོགས་འདུའི་ཐོག གཞི་རིམ་ནི་ལས་དོན་མཐའ་དག་གི་གཞི་ཚུགས་ས་ཡིན། གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་དེང་རབས་ཅན་གྱི་བླང་བྱར་གཞི་ཚུགས་དགོས་པ་སྟེ། རྨང་གཞི་བརྟན་གཏོང་དང་། ཕན་འབྲས་ཆེར་གཏོང་། མཉམ་སྐྲུན་མཉམ་སྐྱོང་བཅས་ཀྱི“དམིགས་ཚད་ཆེན་པོ་གསུམ”ལ་དམིགས་པ་དང་།ཚད་ལྡན་ཅན་དང་།ཞིབ་ཚགས་ཅན། བློ་གྲོས་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི“ཅན་བཞི་མཉམ་འདྲེས”མཐའ་འཁྱོངས་བྱས་ཏེ།“ལས་གཞི་ལྔ”ལག་བསྟར་བྱས་ནས་གཞི་རིམ་སྟོབས་ལྡན་མིན་པ་དང་། དོན་འཁྱོལ་ནུས་ལྡན་བྱས་མེད་པ། བཅོས་སྐྱོང་ལེགས་པོ་བྱས་མེད་པ། ཕན་ནུས་ཞན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་དགོས་པ་དང་། གཞི་རིམ་བཅོས་སྐྱོང་བྱ་རྒྱུ་ནི་དམངས་སེམས་ཕྱོགས་ས་དང་འགན་འཁྲི་གནས་ས་ཞིག་ཡིན་ཞེས་བཤད།ལྷུན་གྲུབ་རྫོང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་གྲོང་ཨུད་ཀྱི་འགོ་ཁྲིད་བརྟན་པོའི་འོག དམིགས་ཚད་ལ་དོ་སྣང་བྱེད་པ་དང་འབད་བརྩོན་ཤུགས་ཆེན་གྱིས་འཆར་གཞི་ཡོད་ཚད་དོན་དངོས་སུ་འགྱུར་བར་བྱས་ཏེ། ཕན་ནུས་མཐོ་རུ་གཏོང་བའི་ཐད་མུ་མཐུད་འབད་བརྩོན་བྱས་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཐོག ལྷུན་གྲུབ་ཀྱི་གཞི་རིམ་བཅོས་སྐྱོང་གི་ལས་དོན་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བཤད།

ལྷུན་གྲུབ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།རྫོང་དཔོན་བདེ་སྐྱིད་གཡང་འཛོམས་ཀྱིས་ང་ཚོའི་རྫོང་གིས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྫོང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། སྲིད་གཞུང་གི་སྲིད་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཐོག གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞི་རིམ་དུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་དོན་དངོས་ལ་གཞི་ཚུགས་པ་དང་དཀའ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དུས་རབས་ཀྱི་ཁྱད་ཆོས་དང་འཚམ་པ་དང་།སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚམ་པ།མང་ཚོགས་ཀྱི་དགོས་མཁོ་སྐོང་བ་བཅས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་དུ་གཏོད་པ་དང་ལག་བསྟར་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། དྲ་མིག་ཅན། ཆ་འཕྲིན་ཅན་བཅས་ཟུང་དུ་འབྲེལ་བའི་བཅོས་སྐྱོང་མ་ལག་སྔ་རྗེས་སུ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། དྲ་མིག་ཅན་གྱི་ལས་སྟེགས་གཅིག་དང་ཞིབ་ཐོ་གསུམ་གྱི་ལས་ཀའི་ལམ་སྲོལ་ལག་བསྟར་བྱེད་པ། རིམ་པ་མང་བ་དང་ཁྱབ་ཁོངས་ཡོངས་ཀྱི་ཆེད་བསྐོས་ལས་འགན་གྱི་དྲ་མིག་ཅན་སོགས་སྣ་མང་ཅན་གྱི་བཅོས་སྐྱོང་སྟོབས་ཤུགས་བཀོད་སྒྲིག་ལེགས་གྲུབ་བྱེད་པ་བཅས་བྱས་པས།“1+1+7+N”གྱི་ཆེད་བསྐོས་ལས་འགན་གྱི་དྲ་མིག་ཅན་གྱི་དཔུང་ཁག་རགས་ཙམ་བཙུགས་ཡོད།“གསར་བརྗེའི་ཆ་བསགས”སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་པ་བཏོན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྐུལ་སློང་བྱས་ནས་བྱ་སྤྱོད་ལ་བརྟེན་ནས་ཆ་བསགས་དང་དངོས་རྫས་བརྗེ་བ་དང་། མང་ཚོགས་རང་འགུལ་ངང་གྲོང་གསེབ་བཅོས་སྐྱོང་ལས་དོན་ནང་ཞུགས་རྒྱུར་སྐུལ་ལྕག་བཏང་སྟེ།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-25 6 6 拉萨日报藏文 c179939.html 1 ལྷུན་གྲུབ་རྫོང་གིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་གཏིང་ ཟབ་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ། /enpproperty-->