分享按钮

རང་གྲོང་གི་འགོ་ཁྲིད་ཀྱིས་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚོཊ་ཆེན་གྲ་སྒྲིག་བྱས་ཚུལ་ལ་བརྟག་ཞིབ་གནང་བ།

ཁྲེན་ཅིང་གིས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོཊ་ཆེན་བདེ་བླག་ངང་གཉེར་ཆེད། ཟླ་4ཚེས་22ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་གིས་རུ་སྣེ་ཁྲིད་དེ་འདམ་གཞུང་རྫོང་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཡུལ་དངོས་ཀྱི་བཀོད་སྒྲིག་དང་གྲ་སྒྲིག་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་གནང་རིང་། ཁྲེན་ཅིང་དང་བཅས་པ་དང་ཐོག་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་བསྡུ་འགྲེམས་ལྟེ་གནས་སུ་ཕེབས་ནས་ཞག་སྡོད་སྣེ་ལེན་གྱི་ནུས་པ་དང་། ཁང་པའི་གནས་ཚུལ། སྒྲིག་བཀོད་བཀོད་སྒྲིག དེ་བཞིན་ཞབས་ཞུའི་ཆུ་ཚད་སོགས་ལ་ཁྱོན་ཡོངས་ནས་མཁྱེན་རྟོགས་གནང་བ་རེད། ཁྲེན་ཅིང་གིས་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོཊ་ཆེན་ནི་ལྷ་ས་གྲོང་ཁྱེར་གྱི་འདི་ལོའི་རིག་གནས་ཡུལ་སྐོར་གྱི་དོན་ཚན་གལ་ཆེན་ཞིག་ཡིན་པ་དང་། གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོ་དེ་ཚོགས་ཆེན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ལྷ་སའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བར་མ་ཟད། ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་གསར་པ་དེ་བས་མངོན་པར་བྱས་ཡོད། གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་སྡོད་སའི་ཐད་བསམ་བློ་གཏོང་བ་དང་།ཡུལ་སྐོར་བའི་དགོས་མཁོར་དོ་ཁུར་བྱས་ཏེ་མཁྲེགས་ཆས་ཀྱི་ཆུ་ཚད་དང་ཞབས་ཞུའི་ནུས་པ་མཐོ་རུ་བཏང་སྟེ། ཡུལ་སྐོར་བར་དེ་བས་བདེ་འཇཊ་དང་གཙང་སྦྲ་དོད་པའི་སྡོད་གནས་ཀྱི་ཁོར་ཡུག་ཅིག་མཁོ་འདོན་བྱ་ཐུབ་པར་བྱེད་དགོས་པ་དང་། ཡུལ་སྐོར་བས་གནམ་མཚོའི་ས་བབ་མཐོ་བར་འཇིཊ་སྣང་སྐྱེ་བའི་སེམས་ཁམས་ཞི་ལྷོད་དུ་བཏང་སྟེ། ཡུལ་སྐོར་བ་བློ་བདེ་པོ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

ཁྲེན་ཅིང་གིས་ངེས་པར་དུ་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་ནས་འགྲིམ་འགྲུལ་དང་། ཞག་སྡོད། བཟའ་བཏུང་། འཕྲིན་གཏོང་སོགས་ཀྱི་ཐད་ཡུལ་སྐོར་བར་ཕྱོགས་ཡོངས་ནས་འགན་ལེན་བྱེད་དགོས་པ་དང་། འདམ་གཞུང་རྫོང་གིས་བསམ་བློར་བཅིངས་འགྲོལ་བཏང་ནས་འབྲེལ་གཏུགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཨར་ཁང་དང་། དམངས་སྲོལ་གནས་ཚང་། མགྲོན་ཁང་བཅས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་མཛུབ་ཁྲིད་བྱེད་དགོས་པ། ཞབས་ཞུའི་སྤུས་ཚད་འགན་ལེན་བྱས་ཏེ། ཞག་སྡོད་ལས་རིགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། དེ་བཞིན་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

དེ་རྗེས། ཁྲེན་ཅིང་དང་བཅས་པ་གནམ་མཚོའི་མཚོ་འགྲམ་དུ་ཕེབས་ནས་ཡུལ་དངོས་སུ་བརྟག་ཞིབ་གནང་བ་དང་། བྱེད་སྒོའི་གྲ་སྒྲིག་ཚོགས་ཆུང་གིས་གར་སྟེཊ་བཀོད་སྒྲིག་དང་། བདེ་འཇཊ་འགན་ལེན། འགྲིམ་འགྲུལ་གྱི་འགྲོ་ལམ།ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་སྙན་ཞུ་ཕུལ་བར་གསན་པ་དང་སྦྲཊ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-25 ཁྲེན་ཅིང་གིས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c179937.html 1 རང་གྲོང་གི་འགོ་ཁྲིད་ཀྱིས་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚོཊ་ཆེན་གྲ་སྒྲིག་བྱས་ཚུལ་ལ་བརྟག་ཞིབ་གནང་བ། /enpproperty-->