分享按钮

གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་རིཊ་པའི་གཞུང་ལུཊ་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་ཚོཊ་འདུ་འཚོཊ་པ།

འཇམ་དབྱངས་བློ་གྲོས་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་23ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་སྲིད་གྲོས་ཀྱིས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་དང་།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་མྱོང་ཚོར་སྤེལ་རེས་དང་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱས་ཏེ།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་།ཀྲུའུ་ཞི་འཇམ་དབྱངས་བློ་གྲོས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲཊ་དང་སློབ་སྦྱོང་བྱས་པ་དང་།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་དེ་བཞིན་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་བཅས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི《བརྡ་ཐོ》དང《ཇུས་གཞི》སོགས་ཡིག་ཐོག་ནས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག ཡུའེ་གོ་ཧུང་སོགས་བློ་མཐུན་བཞིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་དམིགས་ནས་སྤེལ་རེས་གཏམ་བཤད་ཀྱང་གནང་བ་རེད།

(པར་ངོས་གཉིས་པར་གཟིཊ)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-25 འཇམ་དབྱངས་བློ་གྲོས་ཚོགས་འདུར་ཞུགས་པ། 6 6 拉萨日报藏文 c179936.html 1 གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་རིཊ་པའི་གཞུང་ལུཊ་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་ཚོཊ་འདུ་འཚོཊ་པ། /enpproperty-->