ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ས་མཐོའི་ནད་གཞི་སོཊ་ལ་རིན་པ་མི་དགོས་པར་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་པེ་ཅིང་བོད་སྐྱོར་གྱི་རྣམ་གྲངས་ཡག་པོ་ལག་བསྟར་བྱས་ནས་རོགས་སྐྱོར་བྱ་ཡུལ་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་དང་ཐོབ་སྣང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“སླར་ཡང་འོད་ཟེར་སྦྱིན། སྐྱ་གྲིབ་ནད་པར་བརྟག་དཔྱད་དང་སྨན་བཅོས་བྱེད”ཅེས་པའི་ལས་དོན་སྤེལ་ནས་མིག་སྔའི་བར་གནས་ཚུལ་ཤེས་རྟོགས་དང་། རང་མོས། མོས་མཐུན་བཅས་ཀྱི་རྨང་གཞིའི་ཐོག་ནས་ནད་པ་95ལ་གཤགས་བཅོས་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2023ལོའི་ཟླ་4པ་ནས་བཟུང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་པ་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལག་རྩལ་ལ་མཛུབ་ཁྲིད་བྱས་ནས་རོགས་སྐྱོར་བྱ་ཡུལ་རྫོང(ཆུས)འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྒྲིག་འཛུགས་ཞིབ་ཕྲ་བྱ་རྒྱུའི་ལག་བསྟར་བྱས་ཏེ།སྐྱ་གྲིབ་ནད་ཕོག་པའི་ནད་པར་བརྟག་དཔྱད་བྱེད་པའི་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་རེད། 2023ལོར།འབྲེལ་ཡོད་མང་ཚོཊ་1177ལ་བརྟག་དཔྱད་བྱས་པ་དང་།དོགས་གཞི་ཡོད་པའི་ནད་པ་400ལྷག་ཙམ་དབྱེ་བ་འབྱེད་པ་དང་མཐའ་མའི་བརྟག་དཔྱད་བྱས་པ་བརྒྱུད་ཐར་ནད་པ་195ལ་གཤགས་བཅོས་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
པེ་ཅིང་ཐུང་རན་སྨན་ཁང་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བཅས་ཀྱི་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་བརྟག་དཔྱད་དང་སྨན་བཅོས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་ཏེ།ལྗོངས་ཕྱི་ནང་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་བས་ནད་པའི་སྨན་བཅོས་བྱེད་པའི་བར་ཐག་ཆེས་ཆེར་ཐུང་དུ་ཕྱིན་པ་དང་།སྨན་བཅོས་ཀྱི་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་པས་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཅིང་དེའི་ནང་ཧུར་ཐག་ཞུགས་ཡོད་པ་རེད། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ཀོང་གིས་ཕྱིས་འབྱུང་།གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྣམ་གྲངས་ལག་བསྟར་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ནས།གནས་ཚུལ་དངོས་ལ་གཞིགས་ཏེ་ནད་པ་དབྱེ་བ་འབྱེད་པ་དང་སྨན་བཅོས་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་རྒྱུ་དང་མང་ཚོགས་ལ་དེ་བས་སྤུས་ལེགས་དང་།དབྱེ་འབྱེད།སྨན་བཅོས་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社