分享按钮

དུས་ཚིགས་དང་པོར་འགྲམ་འགག་སྒོ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ མི་ཐེངས་ཁྲི་10ལས་བརྒལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་ལྷ་སའི་འགག་སྒོའི་ལས་ཁུངས་ནས་ཤེས་རྟོཊ་བྱས་པར་གཞིགས་ན། འདི་ལོའི་དུས་ཚིཊ་དང་པོར། བོད་ཀྱི་འགྲམ་འགག་སྒོ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་མི་ཐེངས་ཁྲི་10ལས་བརྒལ་བ་དང་།

མིག་སྔའི་བར་འགག་སྒོ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་མི་ཐེངས་ཁྲི་10.8ཟིན་ཡོད་པ་རེད།

ལྷ་སའི་འགག་སྒོའི་ཁོངས་གཏོགས་གཉའ་ལམ་འགག་སྒོའི་ལྟ་སྐུལ་དོ་དམ་ཁོའོ་གཉིས་པའི་ཁོའོ་ཀྲང་ཀྲོའུ་ལེང་དབྱང་གིས་འགྲམ་འགག་སྒོའི་འགྲུལ་པ་ཕར་འགྲོ་ཚུར་འོང་བྱ་རྒྱུ་སླར་གསོ་བྱས་ཚུན། འགག་སྒོའི་ལྟ་སྐུལ་དོ་དམ་གྱི་རྣམ་པ་མུ་མཐུད་ལེགས་སུ་བཏང་ནས་ལྟ་སྐུལ་དོ་དམ་གྱི་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱས་པ་དང་།ལོ་ཧྲིལ་པོར“5+2”ལས་མཚམས་མི་འཇོག་པའི་འགག་སྒོ་སྒྲོལ་བའི་རྣམ་པ་ལག་བསྟར་བྱས་ནས། བདེ་འཇགས་དང་ནུས་པ་ཆེ་ལ་སྟབས་བདེའི་ངང་འགག་སྒོ་སྒྲོལ་བའི་ཁོར་ཡུག་བསྐྲུན་ཡོད། དེ་དང་ཆབས་ཅིག་གཞི་རིམ་གྱི“གསར་གཏོད་ཕྲ་མོར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “ཨང་གྲངས་ཐོག་ཐོ་འགོད”བྱེད་པ།“རིག་ལྡན་གྱི་བརྟག་དཔྱད”བྱེད་པ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་འགག་སྒོའི་ལྟ་སྐུལ་དོ་དམ་ཞབས་ཞུའི་ལས་ཕྱོད་ཆེ་རུ་ནུས་ལྡན་བཏང་ཡོད་ཅེས་བཤད།

འདི་ལོ་ཤར་ཚུན། འགྲམ་འགག་སྒོའི་ས་མཚམས་ནས་ཉིན་རེར་ཆ་སྙོམས་ཕར་འགྲོ་ཚུར་འོང་བྱེད་མཁན་མི་ཐེངས་1000ལས་བརྒལ་བ་དང་། དེ་སྔའི་འགག་སྒོ་མི་ཚོགས་ཀྱི་ཁེངས་ནས་འཚང་ཁ་ཤིག་ཤིག་གི་རྣམ་པ་སླར་གསོ་བྱུང་བས། སླར་ཡང་བོད་ཀྱི་འགག་སྒོ་སྒྲོལ་བའི་ལས་སྒོ་ཆེ་ཤོས་སུ་གྱུར་ཡོད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-19 6 6 拉萨日报藏文 c179623.html 1 དུས་ཚིགས་དང་པོར་འགྲམ་འགག་སྒོ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ མི་ཐེངས་ཁྲི་10ལས་བརྒལ་བ། /enpproperty-->