ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཉེར་བའི་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་དོ་དམ་དང་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་བའི་2024ལོའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་།རང་གྲོང་གི་རྫོང(ཆུས)ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་རྩ་འཛུགས་ཀྱི་འགན་འཁུར་བ།རིག་གནས་སྒྲིག་གཞིའི་ལས་དོན་མི་སྣ་སོགས་མི་80ཙམ་གསོ་སྦྱོང་ནང་ཞུགས་ཡོད།
གསོ་སྦྱོང་ནང་། བོད་རང་སྐྱོང་ལྗོངས་སྒྱུ་རྩལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ་གཞོན་པ་ཕུན་ཚོགས་ཡོན་ཏན་དང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ཡི་འགན་འཁུར་བ་ནོ་མོ། ཀྲུང་གོ་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཉི་མ་ཚེ་རིང་སོགས་རིགས་གཅིག་མཁས་ཅན་གདན་དྲངས་ནས་གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མར་སློབ་ཁྲིད་གནང་བ་རེད།
གསོ་སྦྱོང་ནང་། དམིགས་སའི་རང་བཞིན་ལྡན་པའི་སློབ་ཚན་བཀོད་སྒྲིག་དང་ཡུལ་དངོས་སུ་ལྟ་རྟོག་བྱེད་སྟངས་ཁྱད་ཆོས་སུ་བྱས་ནས་གསོ་སྦྱོང་ནང་ཞུཊ་མཁན་གྱི་སློབ་མ་ལྷ་སའི་འཚེམ་དྲུབ་ཐང་ག་བརྒྱུད་སྦྱོང་ཁང་དང་ལྷ་སའི་སཱཙྪའི་རྩལ་ནུས་བརྒྱུད་སྦྱོང་ཁང་དུ་ལྟ་སྦྱོང་བྱེད་པར་བསྐྱོད་ཅིང་། སློབ་ཚན་གྱི་ནང་དོན་ནང་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་སྲིད་ཇུས་དང་།མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་དང་གསར་གཏོད། མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་དང་ཁྱབ་གདལ་སོགས་ཐད་ཀྱི་ཤེས་བྱ་དང་རྩལ་ནུས་ཚུད་ཡོད།
གསོ་སྦྱོང་བྱེད་རིང་། ནོ་མོས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་དང་ཟུང་འབྲེལ་བྱས་ཏེ། གོ་སླ་བའི་སྐད་ཆའི་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་འདུ་ཤེས་ཇི་ལྟར་ཟབ་ཏུ་གཏོང་བའི་ཐད་འགྲེལ་བཤད་ཞིབ་ཕྲ་བསྐྱོན་པ་དང་། རང་གྲོང་གི་རྫོང(ཆུས)ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་གཞི་རྩའི་གནས་ཚུལ་ངོ་སྤྲོད་གནང་བ་དང་སྦྲཊ། མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ཁྲོད་དོ་སྣང་བྱེད་དགོས་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་རེད། གསོ་སྦྱོང་བྱས་པ་བརྒྱུད། གསོ་སྦྱོང་ནང་ཞུཊ་མཁན་གྱི་སློབ་མས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་དོན་སྙིང་ཐད་རྒྱུས་ལོན་གཏིང་ཟབ་བྱས་ཡོད་ལ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་ཐད་ཀྱི་ཉམས་མྱོང་བཟང་པོ་དང་། ཞན་ཆ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མྱོང་ཚོར་བཅས་ཕན་ཚུན་མཉམ་སྤྱོད་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་དོ་དམ་དང་སྲུང་སྐྱོང་གི་ནུས་པ་ཐུན་མོང་ཐོག་ཆེ་རུ་བཏང་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社