分享按钮

ལྷ་ས་ནས་གཞིས་ཀ་རྩེ་བར་ཤུགས་འགྲེམས་འགྲུལ་སྐྱེལ་ མེ་འཁོར་གཏོང་གྲངས་མང་དུ་གཏོང་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་17ཉིན། གསར་འགོད་པས་ལྷ་སའི་མེ་འཁོར་འབབ་ཚུཊ་ནས་ཤེས་རྟོཊ་བྱས་པར་གཞིགས་ན། ཟླ་4ཚེས་19ཉིན་དང་། ཟླ་4ཚེས་20ཉིན། ཟླ་4ཚེས་21ཉིན་བཅས་ལ་ལྷ་ས་ནས་གཞིས་ཀ་རྩེ་བར་དུ་ཤུགས་འགྲེམས་འགྲུལ་སྐྱེལ་མེ་འཁོར་གཏོང་གྲངས་C923/4མང་དུ་གཏོང་རྒྱུ་ཡིན་པ་རེད།

མིག་སྔར།ལྷ་སའི་མེ་འཁོར་འབབ་ཚུགས་སུ་ཉིན་ལྟར་ཟི་ལིང་ཕྱོགས་སུ་འགྲོ་འོང་བྱེད་པའི་མེ་འཁོར་ཆ་6ཡོད་པ་དང་། གཞིས་ཀ་རྩེ་དང་ཉིང་ཁྲི་ཕྱོགས་སུ་མེ་འཁོར་ཆ་2ཡོད་པ།ཁྱོན་མེ་འཁོར་ཆ་10ཡོད་པས་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་7949སྐྱེལ་གྱི་ཡོད་པ་དང་། འགྲུལ་པ་མི་ཐེངས་9211འབྱོར་གྱི་ཡོད་པ་རེད། ཟླ་4ཚེས་19ཉིན་དང་། ཟླ་4ཚེས་20ཉིན། ཟླ་4ཚེས་21ཉིན་བཅས་ལ་ལྷ་ས་ནས་གཞིས་ཀ་རྩེ་བར་དུ་ཤུགས་འགྲེམས་འགྲུལ་སྐྱེལ་མེ་འཁོར་གཏོང་གྲངས་C923/4ཁ་སྣོན་བྱ་རྒྱུ་ཡིན་པ་རེད། མེ་འཁོར་གཏོང་གྲངས་དང་སྤ་སེ་སོགས་འབྲེལ་ཡོད་ཆ་འཕྲིན་ནི་ལྕགས་ལམ་གྱི་12306དྲ་ཚིགས་དང་།ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་སྤྱི་བསྒྲགས་ཚད་གཞིར་འཛིན་དགོས།

ངོ་སྤྲོད་བྱས་པར་གཞིགས་ན། དུས་ཚིགས་དང་པོར་ལྷ་སའི་མེ་འཁོར་འབབ་ཚུགས་ནས་འགྲུལ་པ་ཁྲི་69.3བསྐྱལ་བ་དེ་དུས་མཚུངས་ལས་མི་ཁྲི་11.29འཕར་བ་དང་བརྒྱ་ཆ་19.4འཕར་ཡོད། འགྲུལ་པ་ཁྲི་73.5འབྱོར་བ་དེ་དུས་མཚུངས་ལས་མི་ཁྲི་5.7འཕར་བ་དང་བརྒྱ་ཆ་8.4འཕར་ཡོད་པ་རེད།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-19 6 6 拉萨日报藏文 c179622.html 1 ལྷ་ས་ནས་གཞིས་ཀ་རྩེ་བར་ཤུགས་འགྲེམས་འགྲུལ་སྐྱེལ་ མེ་འཁོར་གཏོང་གྲངས་མང་དུ་གཏོང་རྒྱུ་ཡིན་པ། /enpproperty-->