(པར་ངོས་དང་པོར་མཐུད)ཁ་བསླུས་ལ་ངོ་རྒོལ་བྱེད་པའི་གཙོ་དོན་ཟ་ཁང་དུ་འཛུལ་སྐབས་ཇུས་འགོད་སྣ་ཚོགས་བྱས་པའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་གསལ་བརྡ་གསལ་པོར་བཀོད་ཡོད། གསང་དོན་ལ་སྲུང་སྐྱོང་དང་། ཁ་བསླུས་ཐེབས་རྒྱུར་སྔོན་འགོག གསང་གྲངས་མི་ཤོད་པ། དངུལ་མི་སྒྱུར་བ་སོགས་ཀྱི་དྲན་སྐུལ་ལས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་སློབ་གསོ་གསོན་ཉམས་དོད་ཅིང་སྤྲོ་སྣང་ལྡན་པ་ཞིག་ཏུ་གྱུར་ནས་བློ་ལའང་ངེས་བདེ་པོ་ཡོད་པ་རེད། ཟ་ཁང་ནང་ཁ་ལག་ཟ་བར་ཡོང་མཁན་གྱི་མང་ཚོགས་ཚོས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་ཤེས་བྱ་ཁོང་དུ་ཆུད་ནས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་ཀྱང་སྔར་བས་ཟབ་ཏུ་ཕྱིན་ཡོད།
གཙོ་དོན་ཟ་ཁང་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་བྱེད་པའི་ཤེས་བྱ་གང་སར་ཁེངས་པ་དང་།གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་ཤེས་བྱ་གསོལ་ལྕོག་ཚང་མར་ཁྱབ་པར་བྱས་ནས་མང་ཚོགས་ཀྱི་ཁ་བསླུས་སྔོན་འགོག་གི་ཤེས་བྱ་སེམས་ནང་བརྟན་པོར་འཇགས་ཡོད་པ་རེད།
སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཡན་ལག་ཅུས་ཡབ་མདའ་ཁྲོམ་གཞུང་མངགས་གཏོང་ཁང་གི་སའོ་ཀྲང་བསོད་ནམས་བག་གྲོས་དུས་འགོར་ང་ཚོས་རྒྱུན་མཐུད་རང་བཞིན་གྱི་ལྟ་ཞིབ་བྱས་པ་ཡིན། ཟ་ཁང་འདིར་ལོ་ལྟར་འགྲུལ་རྒྱུན་ཆེ་བ་དང་།སྐུ་མགྲོན་གྱི་ཐོབ་ཐང་ཐད་ལའང་འདྲ་མིན་སྣ་ཚོགས་འདུག་པས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཀྱི་གཡུལ་ས་བྱ་རྒྱུར་འཚམ་པོ་འདུག ང་ཚོས་མུ་མཐུད་གཙོ་གནད་ཀྱི་དུས་མཚམས་དང་། གཙོ་གནད་ས་ཁོངས། ལས་རིགས་བཅས་སུ་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ལས་དོན་རྒྱུན་གཏན་ཅན་དུ་འགྱུར་བར་བྱས་ནས།ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་དེ་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ།ཉེན་རྟོག་པ་དང་དམངས་ཡོངས་མཉམ་འབྲེལ་བྱས་ནས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་མཐའ་མའི་དམིགས་ཡུལ་ནི་ཚང་མའི་དངུལ་ཁུག་སྲུང་རྒྱུ་དེ་ཡིན་ཞེས་བཤད།
ཚོང་དུད་དང་མཉམ་འབྲེལ་ཐོག་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་གཙོ་དོན་ཟ་ཁང་བཙུགས་པ་དེ་ནི་སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཡན་ལག་ཅུས་ཡབ་མདའ་ཁྲོམ་གཞུང་མངགས་གཏོང་ཁང་གིས་ཏང་འཛུགས་སྐྱོང་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་སྣེ་ཁྲིད་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་གཙོ་དོན་ཟ་ཁང་གིས་སྔར་ཡོད་ཀྱི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྟངས་ལས་བརྒལ་ཏེ་དེ་བས་སྟབས་བསྟུན་དང་།དེ་བས་ཐག་ཉེ་བའི་བྱ་ཐབས་ཐོག་ནས་མང་ཚོགས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་ཕུན་སུམ་ཚོགས་པོ་མངོན་པ་དང་ཁོང་ཚོས་ཞིམ་ཟས་ལོངས་སྤྱོད་བྱེད་པ་དང་ཆབས་ཅིག་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱར་སློབ་སྦྱོང་བྱས་ནས་རང་ངོས་ཀྱི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་དམངས་ཡོངས་ཀྱི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་ཡོད།
ཁ་ལག་ཟ་བར་ཡོང་བའི་སྐུ་མགྲོན་ལི་ལགས་ཀྱིས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ལ་ཡུན་རིང་བལྟས་རྗེས།མི་ཚོགས་མང་པོ་ཕར་འགྲོ་ཚུར་འོང་བྱེད་པའི་ཟ་ཁང་ནང་ནས་ང་ཚོར་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཀྱི་དྲོད་ཚད་དང་སྤྲོ་སྣང་ཚོར་བྱུང་ལ། ངའི་བསམ་པར་དྲིལ་བསྒྲགས་བྱེད་སྟངས་འདི་ཧ་ཅང་ཡག་པོ་འདུག་པས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社