ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོད་ལུང་བདེ་ཆེན་ཆུས་འཕྲལ་སྡོམ་དོ་དམ་ཅུས་དང་མཉམ་དུ་བོད་ལྗོངས་ཅན་ཧྥེང་ཚོང་ལས་རྡོ་འདག་ཕྱིར་འཚོང་ཚད་ཡོད་ཀུང་སིར་མེ་ཟོན་བདེ་འཇགས་ཐད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།
དྲིལ་བསྒྲགས་ཀྱི་བྱེད་སྒོའི་ཁྲོད། བོད་ལྗོངས་ཀྲེང་ཨན་མེ་ཟོན་དྲིལ་བསྒྲགས་ལྟེ་གནས་ཀྱི་དགེ་རྒན་སུང་ཁེ་ཧྥན་གདན་དྲངས་ནས“གཞུང་ལུགས་འཆད་ཁྲིད་དང་དངོས་སྦྱོང་ལག་ལེན”ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་བོད་ལྗོངས་ཅན་ཧྥེང་ཚོང་ལས་རྡོ་འདག་ཕྱིར་འཚོང་ཚད་ཡོད་ཀུང་སིའི་ལས་མི་40ཙམ་ལ་མེ་ཟོན་བདེ་འཇགས་སྐོར་སློབ་ཁྲིད་བྱས་པ་རེད། སུང་ཁོ་ཧྥན་གྱིས་དཔེ་མཚོན་དངོས་ལ་དམིགས་ནས་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པ་དང་། པར་རིས་དང་། བརྙན་ལམ། གོ་སླ་བའི་སྐད་ཆ་སོགས་ལ་བརྟེན་ནས་ཁེ་ལས་ཀྱི་ལས་མི་ཚོར་མེ་ཟོན་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ཇི་ལྟར་བྱེད་ཚུལ་དང་། མེ་སྐྱོན་ཐོན་མ་ཐག་མེ་ཇི་ལྟར་གསོད་ཚུལ་སོགས་བསླབས་པ་རེད། དེའི་རྗེས་སུ་སུང་ཁོ་ཧྥན་གྱིས་ཁེ་ལས་ཀྱི་ལས་མིར་མེ་གསོད་ཆས་བཀོལ་སྤྱོད་བྱ་ཐབས་དང་། དོ་སྣང་བྱེད་དགོས་པའི་དོན་ཚན་སོགས་གསལ་བཤད་ཞིབ་ཕྲ་བྱས་ཤིང་། ལས་མི་ཚོས་ཀྱང་རེས་མོས་སུ་མེ་གསོད་ཆས་བཀོལ་སྤྱོད་བྱེད་པའི་གོ་རིམ་བཞི་གཞིར་བཟུང་། མེ་གསོད་སྟངས་ཡང་དག་པར་སྦྱངས་པས་བྱེད་སྒོར་ཕན་འབྲས་བཟང་པོ་ཐོན་པ་རེད།
ད་རེས་ཀྱི་བྱེད་སྒོ་དེས་ཐོན་སྐྱེད་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པའི་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། ཁེ་ལས་དོ་དམ་མི་སྣ་དང་ལས་བཟོ་བའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་། མེ་སྐྱོན་སྔོན་འགོག་གི་ནུས་པ། སྲོག་ཉེན་ལས་ཐར་བའི་ནུས་པ་བཅས་ཆེ་རུ་ཕྱིན་ཡོད། ཚང་མས་ཤེས་པའི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དེ་དོན་དངོས་ཀྱི་ལས་དོན་ཁྲོད་སྤྱད་ནས་མེ་སྐྱོན་གྱི་དོན་རྐྱེན་མི་ཐོན་པར་བྱ་ངེས་ཡིན་ལ། བདེ་འཇགས་སྦྱོང་བ་དང་། བདེ་འཇགས་ཤེས་པ། བདེ་འཇགས་རྟོགས་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་ངེས་ཡིན་ཞེས་བཤད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社