分享按钮

རང་གྲོང་དུ་གྲོང་ཁྱེར་ཆེ་འབྲིང་གིས་སློབ་ཆེན་ཐོན་པའི་སློབ་མ་བསྡུ་བའི་2024ལོའི་དཔྱིད་དུས་ཀྱི་གདན་ཞུའི་ཚོཊ་འདུ་འཚོཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་དུ་གྲོང་ཁྱེར་ཆེ་འབྲིང་གིས་སློབ་ཆེན་ཐོན་པའི་སློབ་མ་བསྡུ་བའི་2024ལོའི་དཔྱིད་དུས་ཀྱི་གདན་ཞུའི་ཚོགས་འདུ་དེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ཁྲོམ་རར་འཚོགས་པ་རེད།

གདན་ཞུའི་ཚོགས་འདུ་དེ་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། གདན་ཞུའི་ཚོགས་འདུ་དེ“ལས་གནས་སྤྲད་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། གནད་སྨིན་ཞབས་ཞུར་བརྟེན་ནས་འཕེལ་རྒྱས་ལ་རོགས་རམ་བྱེད”ཅེས་པ་གཙོ་དོན་དུ་བྱས་ནས་ཁྱོན་གདན་ཞུའི་ཚན་པ་49གདན་ཞུ་བྱས་པའི་ནང་།གཞུང་ཁོངས་ཀྱི་ཁེ་ལས་1དང་། ཀྲུང་དབྱང་གི་ཁེ་ལས་1 དམངས་གཉེར་ཁེ་ལས་47བཅས་ཀྱིས་སྤུས་ལེགས་ལས་གནས་601མཁོ་འདོན་བྱས་ཤིང་། དེའི་ཁྲོད་དུ་དངུལ་གཉེར་དང་། རྩིས་པ། ཁྲོམ་རའི་ཚོང་གཉེར་སོགས་ཚུད་ཡོད། གདན་ཞུའི་ཚོགས་འདུ་དེས་དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བའིབྱ་ཐབས་སྤྱད་དེ་ཁྱོན་མི་ཐེངས་208ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། དྲ་ཐོག་ནས་མཚམས་སྦྱོར་ངོ་སྤྲོད་352དང་དྲ་ཕྱི་ནས་མཚམས་སྦྱོར་ངོ་སྤྲོད་60བཅས་སྤྲད་ཡོད།

སླད་ཕྱིན། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མི་སྤྱོད་ཚན་པ་དང་སློབ་ཆེན་ཐོན་པའི་སློབ་མའི་དབར་ཆ་འཕྲིན་ཤར་གཏོང་གི་མཁོ་སྤྲོད་སྟེགས་བུ་མུ་མཐུད་བསྐྲུན་ནས་ལས་ཀ་འཚོལ་མཁན་ལ་སྟབས་བདེ་དང་། ནུས་ཆེ། གནད་ལ་འཁེལ་བའི་ལས་ཞུཊ་ལས་གནས་དང་ཞབས་ཞུ་མཁོ་འདོན་བྱས་ཏེ་ལས་གནས་དང་ཤེས་ལྡན་མི་སྣ་གནད་ལ་འཁེལ་བའི་སྒོ་ནས་སྙོམ་སྒྲིག་ཐུབ་པར་བྱ་རྒྱུ་རེད། (དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-19 6 6 拉萨日报藏文 c179617.html 1 རང་གྲོང་དུ་གྲོང་ཁྱེར་ཆེ་འབྲིང་གིས་སློབ་ཆེན་ཐོན་པའི་སློབ་མ་བསྡུ་བའི་2024ལོའི་དཔྱིད་དུས་ཀྱི་གདན་ཞུའི་ཚོཊ་འདུ་འཚོཊ་པ། /enpproperty-->