分享按钮

ལྷ་སའི་མཐོ་གསར་ཁུལ་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་འགོ་དང་གྲོས་གཞི་རྩིས་སྤྲོད་ཀྱི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་སའི་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱིས་2024ལོའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་འགོ་དང་གྲོས་གཞི་རྩིས་སྤྲོད་ཀྱི་ཚོགས་འདུ་འཚོགས་ཤིང་། སྟོད་ལུང་བདེ་ཆེན་ཆུས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་དེ་བཞིན་མཐོ་གསར་ཁུལ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁག་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག་ལྷ་སའི་མཐོ་གསར་ཁུལ་སྣེའུ་ཁྲོམ་གཞུང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚོགས་འདུ་གཉིས་རིང་བཏོན་པའི་གྲོས་འགོ་དང་གྲོས་གཞི་ཁྱོན་11བརྡ་ཁྱབ་བཏང་བ་དང་འབྲེལ་ས་ཡུལ་དངོས་སུ་རྩིས་སྤྲོད་ཀྱང་བྱས་པ་རེད། དེའི་ནང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བཏོན་པའི་གྲོས་འགོ་4དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བཏོན་པའི་གྲོས་གཞི་7ཡོད་པ་དང་། གྲོས་འགོ་དང་གྲོས་གཞི་ནི་རྨང་གཞིའི་སྒྲིག་བཀོད་དང་། སྡོད་གནས་ཁོར་ཡུག མཉམ་སྡེབ་དཔལ་འབྱོར། སློབ་གསོ། འཕྲོད་བསྟེན། ཞིང་ལས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། ལྷ་སའི་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་རྩིས་སྤྲོད་ཡག་པོ་བྱེད་པར་དམིགས་ནས་ཞིབ་ཕྲའི་བླང་བྱ་བཏོན་པ་དང་། འགན་འཁྲི་ལས་བགོས་དང་། ལས་དོན་སྒྲུབ་པའི་དུས་བཀག དེ་བཞིན་ཚུར་ལན་རྗེས་འདེད་སོགས་ཀྱི་ལས་དོན་སྔར་བས་ཁ་གསལ་བཟོས་ནས་གྲོས་འགོ་དང་གྲོས་གཞི་ཁག་ལ་དམ་འཛིན་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ཡོད་པའི་འགན་ལེན་བྱས་ཡོད། སྟོད་ལུང་བདེ་ཆེན་ཆུས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལྷ་སའི་མཐོ་གསར་ཁུལ་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལས་དོན་ལ་གདེང་འཇོག་ཚད་མཐོན་པོ་བྱས་ནས་སྒྲུབ་པའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་དང་། གྲོས་འགོ་དང་གྲོས་གཞི་སྒྲུབ་པའི་ལམ་སྲོལ་གསར་གཏོད། གྲོས་འགོ་དང་གྲོས་གཞི་སྒྲུབ་པའི་གོ་རིམ་ཚད་ལྡན་དུ་གཏོང་བ། སྒྲུབ་པའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ལྷ་སའི་མཐོ་གསར་ཁུལ་གྱི་ཏང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲུའུ་ཧྲེང་ཅུན་གྱིས་ད་ལོ་སྣེའུ་ཁྲོམ་གཞུང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྤུས་ཚད་མཐོ་བའི་གྲོས་འགོ་དང་གྲོས་གཞི་བཏོན་པ་དང་ལྷ་སའི་མཐོ་གསར་ཁུལ་གྱི་སྒྲུབ་འགན་འཁུར་མཁན་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་གཏན་འབེབས་ཀྱི་ལན་འདེབས་དུས་ཚོད་ལྟར་འཐུས་མི་དང་ཨུ་ཡོན་ཚོར་གྲོས་འགོ་དང་གྲོས་གཞི་སྒྲུབ་པའི་གནས་ཚུལ་ལ་ངོ་ཐུག་གདོང་འཕྲད་ངང་ལན་འདེབས་རྒྱུ་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཀྱི་གྲོས་གཞི་སྒྲུབ་པའི་ལས་དོན་བློ་ལ་བཅངས་པ་དང་ལག་ལེན་དུ་བསྟར་ནས་གྲུབ་འབྲས་ཐོབ་པར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-19 6 6 拉萨日报藏文 c179619.html 1 ལྷ་སའི་མཐོ་གསར་ཁུལ་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་འགོ་དང་གྲོས་གཞི་རྩིས་སྤྲོད་ཀྱི་ཚོགས་འདུ་འཚོགས་པ། /enpproperty-->