(པར་ངོས་དང་པོར་མཐུད)རྒྱལ་མཛོད་ཁོའོ། རྒྱལ་མཛོད་གཏོང་སྤྲོད་ལྟེ་གནས། ཞིང་ལས་གྲོང་གསེབ་ཁོའོ་བཅས་སུ་ཕེབས་ནས་ལས་བྱེད་པ་དང་ལས་བཟོ་བར་གླེང་མོལ་གནང་ཞིང་། ནོར་སྲིད་གཏོང་ཡོང་དང་། སྔོན་རྩིས་དོ་དམ། ནོར་སྲིད་མ་དངུལ་གྱི་གཙོ་གནད་འགན་ལེན་སོགས་ཀྱི་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནོར་སྲིད་མ་འཇོག་གི་ཞིབ་དཔྱད་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཞིབ་དཔྱད་ཀྱི་ལས་དོན་ཚད་ལྡན་དུ་གཏོང་བ། ཞིབ་དཔྱད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནོར་སྲིད་མ་དངུལ་ཚད་ལྡན་དང་། བདེ་འཇཊ། ནུས་ལྡན་བཅས་ཀྱི་སྒོ་ནས་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས་པ་དང་། སྔོན་རྩིས་ཀྱི་བྱས་འབྲས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ནོར་སྲིད་ཀྱི་མ་དངུལ་གཏོང་སྒོ་དང་། ལག་བསྟར་གྱི་འགག་རྩ། ལྟ་སྐུལ་གྱི་འགག་རྩ་བཅས་ལ་དམ་འཛིན་ནན་པོ་བྱས་ནས་ནུས་ཤུཊ་ཡོད་རྒུས“ཀུན་གསལ་ནོར་སྲིད”གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།
གྲོང་ཁྱེར་ནོར་སྲིད་ཅུས་རྒྱལ་མཛོད་ཁོའོ་ཡི་ཁོའོ་ཀྲང་སྐལ་བཟང་ཕུན་ཚོགས་ཀྱིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་སྔོན་རྩིས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ནོར་སྲིད་ཀྱི་མ་དངུལ་གཏོང་སྒོ་དང་། ལག་བསྟར་གྱི་འགག་རྩ། ལྟ་སྐུལ་གྱི་འགག་རྩ་བཅས་ལ་དམ་འཛིན་ནན་པོ་བྱེད་དགོས་ཞེས་གསུངས་སོང་། ཕྱིས་འབྱུང་ང་ཚོས་གཅིག་ནས་སྔོན་རྩིས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སྔོན་རྩིས་འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་གཏོང་རྒྱུ་ཡིན། གཉིས་ནས་གཏོང་སྒོའི་གྲུབ་ཆ་ལེགས་སུ་བཏང་ནས་གཙོ་གནད་ཁྱབ་ཁོངས་དང་དམངས་འཚོའི་རྣམ་གྲངས་ཀྱི་མ་དངུལ་གྱི་དགོས་མཁོར་འགན་ལེན་བྱས་ཏེ། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ། གསུམ་ནས་ནོར་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། ནོར་སྲིད་ཀྱི་ཉེན་ཁར་འགོག་ཟོན་དང་མ་དངུལ་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
ད་རེས་ཀྱི་བརྟག་ཞིབ་དེ་ལས་གྲོང་ཨུད་ཀྱིས་རང་གྲོང་གི་ནོར་སྲིད་སྡེ་ཚན་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་དང་། གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་མཐོང་ཆེན་དང་རྒྱབ་སྐྱོར་གནང་ལུགས་མཚོན་ཐུབ་ལ། གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ཀྱང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་རྒྱུ་དང་། ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ། གྲོང་ཨུད་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་འཁྱོལ་ཏན་ཏིག་བྱ་རྒྱུ་རེད།
གྲོང་ཁྱེར་ནོར་སྲིད་ཅུས་དཔལ་འབྱོར་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ངག་དབང་བློ་བཟང་གིས་ཕྱིས་འབྱུང་རང་ཉིད་ཀྱི་ལས་ཀ་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་གསུམ་གྱི་ཐད་ནས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་ཡིན། གཅིག་ནས་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིབ་བཤེར་གྱི་གོ་རིམ་ལ་ཚོད་འཛིན་ནན་པོ་བྱ་རྒྱུ་མ་ཟད། ཞིབ་དཔྱད་དང་འབྲེལ་བ་ཡོད་པའི་ལས་ཀ་དང་ཞིབ་དཔྱད་བྱེད་སྟངས། དེ་བཞིན་རྗེས་མཐུད་གདེང་འཇོག་སོགས་ལམ་ལུགས་ཀྱི་ཁྲོད་དུ་བཅུག་ནས་དུས་མཇུག་གི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུ་ཡིན། གཉིས་ནས་མཚམས་སྦྱོར་ལས་ཁུངས་ཀྱི་གསོ་སྦྱོང་ལ་ཤུགས་རྒྱག་པ་དང་། ཞིབ་དཔྱད་ཀུང་སི་སྒྲིག་འཛུགས་བྱེད་པ། སྲིད་ཇུས་དང་ཡིག་ཆར་སློབ་སྦྱོང་བྱེད་པ། རྒྱུན་མཐོང་གི་གནད་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བཅས་བྱས་ཏེ་ཕྱོགས་གསུམ་པའི་ཀུང་སིའི་རིགས་གཞུང་གི་བྱང་ཚད་དང་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན། གསུམ་ནས་མཚམས་སྦྱོར་ལས་ཁུངས་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ནང་འདྲེན་ཡག་པོ་དང་། ཕྱིར་གཏོང་སྒོ་འབྱེད། ལེགས་རྒྱལ་ཞན་ཕམ་བཅས་ཀྱི་བྱེད་ཐབས་བརྒྱུད་ནས་ཞིབ་དཔྱད་ཀུང་སིའི་ཆོག་འཐུས་ཚད་གཞི་ལ་དོ་དམ་ནན་པོ་བྱ་རྒྱུ་ཡིན་ཞེས་བཤད།
ཉེ་བའི་ལོ་ཤས་རིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐུགས་ཁུར་དང་མཛུབ་ཁྲིད་འོག གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་བརྟན་ལྷིང་ཁྲོད་ཡར་ཐོན་ཡོང་ཐབས་བྱེད་པའི་ལས་དོན་གྱི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། ནོར་སྲིད་ཀྱི་ཕྱོགས་བསྡུས་ཞབས་ཞུའི་འགན་ནུས་ལ་གཞི་ཚུགས་ནས་ནུས་ཤུགས་ཡོད་རྒུས་གཅིག་གྱུར་འཆར་འགོད་བྱས་ཏེ། འཕེལ་རྒྱས་དང་། བདེ་འཇགས་ལ་འགན་ལེན་བྱས་པ་དང་། ནོར་སྲིད་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ་ཡོང་བར་བྱས་ཡོད། མ་འོངས་པར་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ནོར་སྲིད་བཅོས་སྐྱོང་གི་ཕན་ནུས་མུ་མཐུད་ཆེ་རུ་བཏང་སྟེ་ནོར་སྲིད་ལས་དོན་གྱི“དཀའ་སྤྱད་སྟོན་གྲངས”དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི“འཕེལ་རྒྱས་སྟོན་གྲངས”ལ་བསྒྱུར་རྒྱུ་རེད།
གྲོང་ཁྱེར་ནོར་སྲིད་ཅུས་རིམ་པ་བཞི་པའི་བརྟག་ཞིབ་པ་ལི་ཡན་ལི་ཡིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། ཕྱིས་འབྱུང་། ང་ཚོས་ནོར་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། ནོར་སྲིད་ཀྱི་མ་དངུལ་གཏོང་ཡོང་དོ་དམ་ལ་ཤུགས་སྣོན་རྒྱག་པ། ནོར་ཁུངས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ། “ལས་རྣམ་ལྔའི་འཕེལ་རྒྱས་ཁུལ”ལེགས་པར་གཏོད་པར་རྒྱབ་སྐྱོར་བྱེད་པ། “ཐོན་ལས་ཆེན་པོ་དགུ”སྟོབས་ལྡན་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ། གཉེར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མ་དངུལ་དེ་བས་མང་བ་བརྩོན་ལེན་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社