(པར་ངོས་དང་པོར་མཐུད)ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་གནང་སྟེ། སྡེ་ཁུལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ་དང་གཞི་རིམ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་གཞི་རིམ་དུ་དོན་དངོས་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་གྱི་དུས་ཚོད་དེ་བས་མང་བ་དང་སེམས་ཤུགས་དེ་བས་ཆེ་བ་ཡོད་པར་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་སྒྲིག་གཞི་འཛུགས་སྐྱོང་དང་། ལམ་ལུགས་འཛུགས་སྐྱོང་། ཡིག་སྐུར་ངོ་བཅར་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ཡིག་སྐུར་ངོ་བཅར་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་གཏོང་བ། ལས་སྒྲུབ་ལས་ཕྱོད་ཆེ་རུ་ཤུགས་ཆེན་གཏོང་བ། མང་ཚོགས་ཀྱི་སྐད་ཆ་ཉན་པ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ཏེ་ཡིག་སྐུར་ངོ་བཅར་གྱི་གནད་དོན་འབྱུང་ལུགས་འབྱུང་སྟངས་ཤེས་རྟོགས་ནན་ཏན་བྱས་ནས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལུགས་དང་མཐུན་པར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དེ་མིག་དཔེ་འདོན་པ་དང་ཏང་སྲོལ་དང་། ཏང་གི་སྒྲིག་ཁྲིམས། ཏང་གཤིས་བཅས་མཉམ་དུ་དམ་འཛིན་མཐའ་འཁྱོངས་ཀྱིས་ཏང་ཡོན་ལས་བྱེད་པས་རྡོག་རྩ་གཅིག་སྒྲིལ་དང་ལས་ཀ་ཧུར་ཐག་བསྒྲུབ་རྒྱུར་སྐུལ་ཁྲིད་བྱས་ཏེ་རྣམ་པ་གསར་པ་དང་། འགན་འཁྲི་གསར་པ། བྱ་སྤྱོད་གསར་པ་བཅས་ལ་བརྟེན་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ཝང་ཅུན་ཀྲེང་གིས་བརྟག་ཞིབ་གནང་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་གཙོ་དོན་དང་དོན་སྙིང་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚན་རིག་དང་མཐུན་པའི་ངང་ཁོང་དུ་ཆུད་པ་དང་། རྒྱུན་གཏན་དང་མཉམ་འདྲེས་དང་རྒྱུན་དུ་དམ་འཛིན་བྱ་རྒྱུར་སྣང་ཆེན་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་དངོས་འབྲེལ་ཡོང་བར་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་དེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་བརྩིས་ཏེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་། ལས་འགན་གཙོ་བོ་འབུར་དུ་ཐོན་པ། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བ། ཚོགས་ཡིག་གཉིས་བསྡུས་དང་ལྟ་བཤེར་ཞིབ་བཤེར་ཁྲོད་གནས་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་། “སྲིད་དོན་བྱས་རྗེས་ཀྱི་འདུ་འགོད”དང“རྟགས་མཚོན་གྱི་ལས་གྲྭ”“ངོ་སོའི་འདུ་འགོད”སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་གཞི་རིམ་གྱི་ནུས་པ་འདོན་སྤྲོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཐོན་ཁུངས་དང་ཞབས་ཞུ་སོགས་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོངས་ཐུབ་པར་བྱས་ཏེ་གཞི་རིམ་གྱི་གསོན་ཤུགས་དངོས་འབྲེལ་འདོན་ཐུབ་པར་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་སྔར་ལས་ལེགས་པ་འཁུར་བ་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་མ་གཏོང་དགོས། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་བདེན་འཚོལ་དངོས་སྒྲུབ་དང་དམ་པ་དོན་གཉེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་བྱེད་ཐབས་དང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བའི་བྱ་ཐབས་དངོས་དང་བྱེད་ཐབས་གསར་པ་ཇུས་འགོད་ཧུར་ཐག་བྱས་ནས་འཕེལ་རྒྱས་ལ་ཕན་འབྲས་ཐོན་པ་དང་མང་ཚོགས་ལ་ཕན་པ་དངོས་ཐོབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིགས་དང་ཞིབ་འཇུག་བྱས་ཐོག མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་གྱིས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབས་ཏེ“དམངས་འཚོའི་བྱ་བ་ཆེན་པོ་བཅུ”ཡི་འདུ་འགོད་གཏིང་ཟབ་ཕྱོགས་སུ་རྒྱ་བསྐྱེད་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་དམངས་འཚོའི་མཐའ་ཚད་ཡང་དག་དང་། གནད་སྨིན། བརྟན་པོ་བཅས་སྲུང་ཐུབ་པར་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་པའི་ནན་གསུངས་་གནང་བ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社