(པར་ངོས་དང་པོར་མཐུད)ཝ་655ཡི་ཚད་གཞི་ལྡན་པའི་ངོས་གཉིས་ལ་ཤེལ་ལེབ་བསྒར་ཞིང་ཁྱོན་འོད་ཤུགས་གློག་འདོན་ཚན་པ་15སྒྲིག་སྦྱོར་བྱས་ཡོད། རྣམ་གྲངས་ཇུས་འགོད་ཀྱི་ལོ་རེའི་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི་9300ཟིན་པ་དང་། ལོ་རེར་ཆ་སྙོམས་ཚད་ལྡན་རྡོ་སོལ་ཏུན་ཁྲི་2.839ཙམ་གྲོན་ཆུང་བྱེད་ཐུབ་པ། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་8.685ཙམ་ཉུང་དུ་གཏོང་ཐུབ་པ། ལོ་རེའི་ཆ་སྙོམས་བེད་སྤྱོད་ཀྱི་ཆུ་ཚོད་དེ་ཆུ་ཚོད་1771.54ཟིན་ཡོད།
འོད་ཤུགས་ཤེལ་ལེབ་སྒྲིག་སྦྱོར་གྱི་མཐོ་ཚད་དེ་སྨི་1.5ལས་དམའ་མི་རུང་ཞིང་། འོད་ཤུགས་ཤེལ་ལེབ་གྲལ་སྟར་བསྒྲིགས་པའི་འོག་ཏུ་ཕྱུགས་རྩྭ་སྐྱེ་འཚར་དང་འོད་ཤུགས་ཤེལ་ལེབ་འོག་རང་མོས་ཕྱུགས་འཚོ་ཐུབ་པར་བྱུང་བས“ཕྱུགས་ལས་འོད་ནུས་གསབ་རེས”ཀྱི་རྣམ་པའི་ཐོག་ནས་ས་ཆ་ལངས་གཟུགས་ཅན་གྱི་རིན་ཐང་འཕར་སྣོན་བྱུང་ནས་བེད་སྤྱོད་ཐུབ་པར་བྱུང་སྟེ་གློག་གཏོང་བ་དང་དུས་མཚུངས་ཕྱོགས་བསྡུས་ཕན་འབྲས་ཆེ་ཤོས་ཐོན་ཐུབ་པ་བྱུང་ཡོད།
ལྷུན་གྲུབ་ཧྭ་གློག་འོད་གསོག་གློག་ཁང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ས་གནས་དེ་གའི་ལས་མི་མི་ཐེངས་7200ལྷག་ཙམ་བསྡུ་ལེན་ཧུར་ཐག་བྱས་ནས་ངལ་རྩོལ་གྱི་གླ་ཆ་སྒོར་ཁྲི་208.40ཙམ་བྱུང་བ་དང་། ས་གནས་དེ་གའི་འཕྲུལ་ཆས་ཐེངས་1800ལྷག་ཙམ་བསྡུ་ལེན་བྱས་པར་འཕྲུལ་ཆས་ཀྱི་གླ་ཆ་སྒོར་ཁྲི་365.60ཙམ་བྱུང་སྟེ་ས་གནས་དེ་གའི་མང་ཚོགས་ཀྱི་རིམ་བསགས་ཡོང་འབབ་སྒོར་ཁྲི་573ལས་བརྒལ་ཡོད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社