分享按钮

ཏང་གི་སློབ་གྲྭ་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་བ།

སྙེ་མོ་རྫོང་གིས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་གཡུལ་ས་གཙོ་བོ་གཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་བའི་ལོ་ཤས་རིང་།སྙེ་མོ་རྫོང་གིས་རྫོང་ཨུད་ཏང་གི་སློབ་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་དང་། འདེགས་སྐྱོར་ཤུགས་ཆེན་ཞིག་ཏུ་བརྩིས་ནས་ཐབས་མང་མཉམ་སྤྱོད་ཀྱིས་རྫོང་ཨུད་ཏང་གི་སློབ་གྲྭའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། རྣམ་གྲངས་དེ་2023ལོའི་ཟླ་12པར་ལས་འགོ་ཚུགས་ཚུན།ལས་འགན་གྱི་དམིགས་ཚད་ལ་དམ་པོར་དམིགས་ཤིང་། ལས་ཡུན་ལྡོག་སྒྲིག་བྱས་ཏེ་སྐུལ་འདེད་བཏང་བས་ད་ལོའི་ཟླ་10པར་ལས་མཇུག་འགྲིལ་ནས་བེད་སྤྱོད་གཏོང་རྒྱུའི་འཆར་གཞི་ཡོད། བསྐྲུན་ཟིན་རྗེས་སྙེ་མོ་རྫོང་ཨུད་ཏང་གི་སློབ་གྲྭའི་སློབ་ཁྲིད་ཀྱི་ཆ་རྐྱེན་དང་སློབ་གཉེར་གྱི་གཞི་ཁྱོན་ལེགས་སུ་ཆེས་ཆེར་ཕྱིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།

ཉེ་ཆར། སྙེ་མོ་རྫོང་ཨུད་ཏང་གི་སློབ་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཀ་བྱ་ཡུལ་དུ་གསར་འགོད་པར་རྩིག་རྨང་བཏིང་ཚར་བ་དང་། བཟོ་པ་ཚོས་ལྕགས་རྩིབས་སྡོམ་པ་སོགས་ཀྱི་ལས་ཀར་བྲེལ་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་2100བཏང་ཞིང་།

འཛུཊ་སྐྲུན་གྱི་རྒྱ་ཁྱོན་ལ་མུའུ་22ཙམ་ཟིན་ཡོད།

དེའི་ནང་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དང་། ཚོགས་ཁང་ཆེན་མོ། ཟ་ཁང་། དེ་བཞིན་ཞོར་གཏོགས་སྒྲིག་བཀོད་སོགས་ཚུད་ཡོད། ད་ལོའི་ཟླ་3ཚེས་11ཉིན་ལས་འགོ་བསྐྱར་དུ་ཚུགས་པ་ནས་བཟུང་། རྣམ་གྲངས་ཨར་ལས་ཕྱོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་བྱས་ཏེ། ཨར་ལས་ཀྱི་དུས་ཚོད་ཡག་ཤོས་ལ་དམ་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ཡོད། རྣམ་གྲངས་ཨར་ལས་ལྟ་སྐུལ་དོ་དམ་བྱེད་མཁན་ཆའོ་མིང་གིས་ལས་གཞི་གཙོ་བོ་དེ་ཟླ་6པའི་ཟླ་དཀྱིལ་དུ་ལེགས་འགྲུབ་ཟིན་པར་བྱ་རྒྱུ་དང་། ཟླ་6པའི་ཟླ་དཀྱིལ་ནས་ཟླ་9པའི་ཟླ་མཇུག་བར་ཁང་པའི་ནང་དུ་མཛེས་བཟོ་བྱ་རྒྱུ་ཡིན། སྙེ་མོ་རྫོང་གི་སྤྱི་ཚོགས་རིག་གནས་ཀྱི་ཁོར་ཡུག་དང་དེ་བཞིན་ཆར་དུས་ལ་བསམ་གཞིགས་བྱས་ནས་ང་ཚོས་ཨར་ལས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ཨར་ལས་མི་སྣ་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྒྱལ་སྟོན་དུས་ཆེན་སྐབས་སྤྱོད་ཆོག་པའི་ཆ་རྐྱེན་ལ་སླེབས་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

སྙེ་མོ་རྫོང་ཨུད་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་སྤྱི་གཞོན་པ་བློ་བཟང་ཚེ་རིང་གིས་རྫོང་རིམ་པའི་ཏང་གི་སློབ་གྲྭ་ནི་ཏང་ཡོན་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་དང་། རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ཡིན་ཞིང་། རྣམ་གྲངས་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས། སྙེ་མོ་རྫོང་ཨུད་ཏང་གི་སློབ་གྲྭའི་སློབ་གཉེར་གྱི་ཆ་རྐྱེན་སྔར་བས་ལེགས་སུ་འགྲོ་རྒྱུ་དང་། སློབ་གཉེར་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་ཏང་འཛུགས་སྐྱོང་དང་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་ཆེད། འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད། ཕྱིས་འབྱུང་། ང་ཚོས་རྣམ་གྲངས་འཛུགས་སྐྲུན་གྱི་བདེ་འཇགས་ཀྱི་འགག་སྒོ་དང་། སྤུས་ཚད་ཀྱི་འགག་སྒོ། མྱུར་ཚད་ཀྱི་འགག་སྒོ་བཅས་ཏན་ཏིག་བསྲུངས་ནས་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་སྟེ།རྣམ་གྲངས་དུས་བཀག་ལྟར་ལས་མཇུག་འགྲིལ་བ་དང་འབྲེལ་བེད་སྤྱོད་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ལ། རྣམ་གྲངས་བསྐྲུན་རྗེས། རྫོང་ཨུད་ཏང་གི་སློབ་གྲྭས་སློབ་གྲྭ་ནན་པོས་སྐྱོང་རྒྱུ་དང་། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་སྐྱོང་རྒྱུ་རྩ་དོན་དུ་བྱས་ཏེ་རྫོང་ཨུད་ཏང་གི་སློབ་གྲྭའི་གཡུལ་སའི་ནུས་པ་འདོན་སྤེལ་གང་ལེགས་དང་། ལྟེ་བར་དམིགས་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་ཆེད་དོན་སློབ་གསོའི་གསོ་སྦྱོང་གི་ལས་དོན་སྤེལ་རྒྱུ་དང་།ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་དྲག་ཆས་སྤྲས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་དེ་བས་ལེགས་པའི་ཤེས་ལྡན་མི་སྣ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-19 ཏང་གི་སློབ་གྲྭ་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་བ། 6 6 拉萨日报藏文 c179611.html 1 སྙེ་མོ་རྫོང་གིས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་གཡུལ་ས་གཙོ་བོ་གཏོད་པ། /enpproperty-->