ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་17ཉིན་གྱི་སྔ་དྲོ།སྟག་རྩེ་ཆུས་ཨུད་དྲིལ་བསྒྲགས་པུས་བདེ་ཆེན་གྲོང་རྡལ་མཐུན་སྒྲིལ་སྡེ་ཁུལ་དུ་སྒྲོག་འགྲེལ་གྱི་ལས་དོན་སྤེལ་ནས།རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། མཐུན་སྒྲིལ་སྡེ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་100ལྷག་ཙམ་ཞུགས་ཡོད།
སྒྲོག་འགྲེལ་ཁྲོད། སྒྲོག་འགྲེལ་པས་གསོན་ཉམས་ལྡན་པའི་སྐད་ཆ་དང་ཞིབ་ཚགས་པའི་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་ཁྱོན་ཡོངས་ནས་འགྲེལ་བཤད་བརྒྱབ་པ་དང་།ལྷག་པར་དུ་ཐོན་སྐྱེད་ཀྱི་ནུས་ཤུགས་གསར་པ་དང་། བརྟན་ཐོག་ཡར་འཕེལ་སོགས་ཀྱི་གནད་ཚིག་ལ་འགྲེལ་བཤད་གསལ་པོ་བརྒྱབ་པ་རེད།
སྒྲོག་འགྲེལ་གྱི་གཙོ་དོན་མངོན་གསལ་དོད་ལ་མིག་རྒྱང་རིང་ཞིང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ནང་དོན་ཡང་ཟབ་མོ་ལྡན་པས་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་ངོས་འཛིན་དང་གོ་བ་སྔར་ལས་གཏིང་ཟབ་ལོན་ཐུབ་པར་བྱུང་ཡོད།
སྟག་རྩེ་ཆུས་མཐུན་སྒྲིལ་སྡེ་ཁུལ་གྱི་གྲོང་མི་པ་སངས་ཀྱིས་དེ་རིང་སྒྲོག་འགྲེལ་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་གྲོང་གསེབ་དར་རྒྱས་གཏོང་བ་དང་དམངས་ཕན་ལས་གཞི། དམངས་འཚོར་འགན་ལེན་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ནང་དོན་ལ་དམིགས་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་སོང་།ང་ཚོས་ཏང་གི་སྲིད་ཇུས་སྔར་བས་ཤེས་རྟོགས་ཐུབ་པར་བྱ་རྒྱུར་ཕན་པ་ཆེན་པོ་ཐོགས་བྱུང་ཞེས་བཤད།
གཞི་རིམ་གྱི་སྒྲོག་འགྲེལ་པ་མིག་དམར་གྱིས་གཞི་རིམ་གྱི་སྒྲོག་འགྲེལ་པ་ཞིག་ཡིན་པའི་ངོས་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པའི་སྔོན་འགྲོའི་ཆ་རྐྱེན་འོག་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་བྱ་ཐབས་སྤྱད་ནས་མང་ཚོགས་ལ་འབྲེལ་ཡོད་ཀྱི་ནང་དོན་དྲིལ་བསྒྲགས་བྱས་ཏེ།རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཀུན་གྱིས་ཤེས་པ་དང་། མི་སེམས་ལ་འཇགས་པ། རྩ་བ་ཚུགས་ཐུབ་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
སྒྲོག་འགྲེལ་བྱ་ཡུལ་དུ་ད་དུང་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་པོ་100ལྷག་ཙམ་སྤྲད་པ་དང་འབྲེལ་མང་ཚོགས་ལ་འོས་འགན་སྨན་བཅོས་ཀྱང་བྱས་ཡོད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社