(པར་ངོས་དང་པོར་མཐུད)རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། རིམ་པ་བཞིན་འགན་འཁྲིར་དམ་འཛིན། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བྱས་ནས་ཏང་གི་སྒྲིག་ཁྲིམས་ལ་སློབ་སྦྱོང་བྱ་རྒྱུ་དེ་ཏང་ཡོན་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་ཟབ་ཏུ་གཏོང་བའི་ཐབས་མཆོག་ཏུ་བརྩི་དགོས་པ་དང་།ཆབ་སྲིད་བརྟན་པོ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་ལ་བརྩི་འཇོག དམངས་གཙོ་དར་སྤེལ། ཧུར་བརྩོན་ཆེན་པོས་འགན་འཁྲི་སྒྲུབ་པ་བཅས་ཀྱི་དཔུང་ཁག་ཅིག་འཛུགས་དགོས་པའི་ནན་གསུངས་གནང་བ་རེད།
ཧོ་ཕུང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་ཡོངས་ཀྱིས་ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱིས་ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཇོན་ཐང་དང་ལག་བསྟར་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ལྷ་ས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཕྲིན་ལས་དར་རྒྱས་དང་། དྲུང་ཆེ་ཧོའུ་ཅིང་ཧྭ་ཚོགས་འདུར་ཞུགས་ཡོད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社