分享按钮

གཟའ་འཁོར་འདིའི་དུས་འགོར་རང་གྲོང་དུ་ཆར་པ་དང་གངས་འབབ་པའི་གནམ་གཤིས་བསྟན་རྒྱུ་ཡིན་པ།

འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་15ཉིན། གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཟའ་འཁོར་གོང་མར་གྲོང་ཁྱེར་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་པའི་གནམ་གཤིས་གཙོ་བོ་ཡིན་པ་དང་། གཟའ་འཁོར་གོང་མའི་གཟའ་དཀྱིལ་དུ་ས་གནས་ཁག་ཏུ་ཆར་པ་ཆུང་བའམ་ཡང་ན་གངས་ཆར་བབས་པ་དང་། ཤར་རྒྱུད་དང་བྱང་རྒྱུད་ཀྱི་ཤང་དང་གྲོང་རྡལ་ཁ་ཤས་སུ་གངས་ཆེན་པོ་བབས་ཡོད་པ་རེད།

སྔོན་དཔག་བྱས་པ་ལྟར་ན། གཟའ་འཁོར་འདིའི་དུས་འགོར་རང་གྲོང་དུ་ཁྱབ་ཁོངས་ཆེན་པོའི་གངས་ཆར་གྱི་གནམ་གཤིས་བསྟན་རྒྱུ་ཡིན་པ་དང་ས་ཆ་ཁ་ཤས་སུ་གངས(ཆར་པ)འབྲིང་བ་ནས་ཆེ་བ་བར་འབབ་རྒྱུ་རེད། གཟའ་འཁོར་འདིའི་གཟའ་དཀྱིལ་དང་གཟའ་མཇུག་ཏུ་དྲོད་ཚད་རིམ་བཞིན་ཇེ་མཐོར་འགྲོ་རྒྱུ་རེད། ཡར་ཀླུང་གཙང་པོའི་རྒྱུད་དུ་ལྷགས་པ་རིམ་པ་4ཡས་མས་ཡོད་པ་དང་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་རིམ་པ་7ཡས་མས་ཡོད་པ་རེད། གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ་ནི། གཟའ་ཟླ་བར་རྫོང(ཆུས)ཁག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ། གཟའ་མིག་དམར་ནས་གཟའ་ལྷག་པའི་བར་རང་གྲོང་གི་ས་གནས་ཁག་ཏུ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། གཟའ་ཕུར་བུ་ནས་གཟའ་ཉི་མའི་བར་ས་གནས་ཁག་ཏུ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་ཞིང་། དུས་མཚམས་ཁ་ཤས་སུ་ཤར་རྒྱུད་དང་བྱང་རྒྱུད་དུ་ཁ་ཐོར་རང་བཞིན་གྱི་གངས་དང་ཡང་ན་གངས་མ་ཆར་འབབ་རྒྱུ།

གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་དུས་འགོར་རང་གྲོང་དུ་ཆར་པ་འབབ་པའི་གནམ་གཤིས་མངོན་གསལ་དོད་ཙམ་ཡོད་པ་དང་ས་བབ་མཐོ་བའི་ལམ་བུའི་ཐོག་གངས་གསོག་འབྱུང་སླ་བས་འགྲོ་ལམ་དང་འགྲིམ་འགྲུལ་བདེ་འཇཊ་དོ་དམ་ལས་དོན་ལ་མུ་མཐུད་ཤུཊ་སྣོན་རྒྱག་དགོས་པ་དང་། ཞིང་ཁུལ་གཙོ་བོ་རྣམས་ཀྱིས་གནམ་གཤིས་ཡག་པོར་དམ་འཛིན་བྱས་ནས་དུས་ཐོག་ཏུ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། ས་བབ་མཐོ་བའི་ས་ཁུལ་དུ་དྲོད་ཚད་མཐོ་རུ་ཕྱིན་པ་ལས་བྱུང་བའི་གངས་བཞུར་རང་བཞིན་གྱི་ས་གཤིས་གནོད་འཚེ་སྔོན་འགོག་བྱ་དགོས་པའི་དྲན་སྐུལ་བྱས་ཡོད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-17 གཟའ་འཁོར་འདིའི་དུས་འགོར་རང་གྲོང་དུ་ཆར་པ་དང་གངས་འབབ་པའི་གནམ་གཤིས་བསྟན་རྒྱུ་ཡིན་པ། 6 6 拉萨日报藏文 c179454.html 1 འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། /enpproperty-->