分享按钮

གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་མཚམས་འགྲོ་འོང་དོ་དམ་ཉིང་ལག་རུ་ཁག་གིས་མི་དམངས་ལ་ཞབས་འདེགས་ཞུས་པར་བསྔགས་བརྗོད་ཐོབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་མི་རིན་སྒྲོལ་དང་ཁོང་གི་ནང་མི་གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་མཚམས་འགྲོ་འོང་དོ་དམ་ཉིང་ལག་རུ་ཁག་ཏུ་ཕེབས་ནས“གཞན་ཕན་གྱི་བརྩེ་བ་ཐུགས་སུ་བཅངས་ནས་ཞབས་ཞུ་སྒྲུབ། སྤྱོད་གཙང་གཞུང་དྲང་བྱས་ནས་རང་འཁྲིའི་ལས་ལ་བརྩོན”ཞེས་འཁོད་པའི་གཟེངས་བསྟོད་དར་ཆ་ཞིག་མི་དམངས་ཉེན་རྟོག་པར་སྤྲད་དེ་མི་དམངས་ཉེན་རྟོག་པས་དུས་ཡུན་རིང་པོའི་ནང་དཀའ་ངལ་སེལ་རོགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།

གྲོང་མི་རིན་སྒྲོལ་ནི་བོད་ལྗོངས་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོ་བ་ཞིག་ཡིན་པ་དང་། ཉེ་ཆར། ཁོང་ཤང་ཀང་དང་ཨའོ་མོན་དུ་བསྐྱོད་དེ་སྒོར་གཞས་ལེ་ཚན་འཁྲབ་སྟོན་བྱེད་དགོས་ཀྱི་ཡོད་པས། གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་མཚམས་འགྲོ་འོང་དོ་དམ་ཉིང་ལག་རུ་ཁག་ཏུ་ཤང་ཀང་དང་ཨའོ་མོན་གྱི་འགྲོ་འོང་ལམ་ཡིག་གཉེར་བར་བསྐྱོད་ཡོད། འོན་ཀྱང་། འཁྲབ་སྟོན་གྱི་བརྡ་ཐོ་གཏོང་བའི་དུས་ཚོད་འཕྱི་ཞིང་། ལག་ཁྱེར་གཉེར་བའི་དུས་ཚོད་ཐུང་བས་འགྲུལ་བཞུད་ཀྱི་རྗེས་ཟིན་མི་ཐུབ་པའི་ཉེན་ཁ་ཡོད།

གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་མཚམས་འགྲོ་འོང་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་བློ་བཟང་ཚེ་རིང་གིས་དུས་ཡུན་ཐུང་བ་དང་ལས་འགན་ལྕི་བས་ང་ཚོས་འཕྲལ་མར་གོང་རིམ་འགོ་ཁྲིད་དང་སྡེ་ཚན་ལ་སྙན་སེང་ཞུས་ཡོད། གནས་ཚུལ་དེར་གཞིགས་ནས་འགོ་ཁྲིད་ཀྱིས་ང་ཚོར་དམིགས་བསལ་གྱི་བྱ་བ་དམིགས་བསལ་གྱིས་སྒྲུབ་དགོས་པའི་བཀའ་གནང་ཡོད། ཁོང་གཅིག་པུའི་རེ་ཞུ་སྒྲུབ་མཁན་གྱི་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཤིང་། བརྒྱུད་རིམ་ཧྲིལ་པོར་མི་གཅིག་གིས་སྒྲུབ་སྐུལ་བྱས་ཏེ་གཟའ་འཁོར་གཅིག་གི་ནང་ལག་ཁྱེར་ཚང་མ་བསྒྲུབ་རྒྱུའི་བརྩོན་ལེན་བྱས་ཡོད། གྲོང་མི་རིན་སྒྲོལ་གྱིས་ང་ཚོའི་ཞབས་ཞུའི་རྣམ་འགྱུར་དང་ལས་ཆོད་ལ་བསྔགས་བརྗོད་བྱས་ཡོད་ཅེས་བཤད།

གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་མཚམས་འགྲོ་འོང་དོ་དམ་ཉིང་ལག་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ“དམངས་ཀྱི་སེམས་སྒྲར་ཉན་པ་དང་། དམངས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ། དམངས་ཀྱི་སེམས་ཁྲལ་སེལ་བ”བཅས་ཀྱི་ལས་ཀའི་བསམ་ཕྱོཊ་རྒྱུན་འཁྱོངས་ཀྱིས་དོན་དག་ཆུང་ཆུང་དང་ཞིབ་ཕྲའི་གནས་ཚུལ་ནས་འགོ་བཙུགས་ཏེ་རྒྱལ་མཚམས་ནས་འགྲོ་འོང་བྱེད་སྟངས་ཁག་རྒྱུན་ཆད་མེད་པར་གསར་གཏོད་དང་དམིཊ་བསལ་ཚོགས་སྤྱིའི“ཐོཊ་མེད་བགྲོད་ལམ”དང“ཁ་ཆད་ཞབས་ཞུའི”ལམ་སྲོལ་འཐུས་ཚང་དུ་བཏང་ནས་མང་ཚོཊ་ལ་བྱ་བ་དངོས་བསྒྲུབས་ཏེ་དམངས་ཀྱི་དངོས་ཡོད་དཀའ་ངལ་དུས་ཐོག་ཏུ་བསལ་ཡོད།

བློ་བཟང་ཚེ་རིང་གིས་གཟེངས་བསྟོད་དར་ཆ་འདི་ནི་སྐུལ་ལྕག་ཅིག་ཡིན་པས་ང་ཚོས་ཕྱིས་འབྱུང་གི་ལས་དོན་ཁྲོད་མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྔར་བས་ལེགས་པར་བསྒྲུབ་རྒྱུ་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-17 6 6 拉萨日报藏文 c179455.html 1 གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་མཚམས་འགྲོ་འོང་དོ་དམ་ཉིང་ལག་རུ་ཁག་གིས་མི་དམངས་ལ་ཞབས་འདེགས་ཞུས་པར་བསྔགས་བརྗོད་ཐོབ་པ། /enpproperty-->