分享按钮

རང་གྲོང་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་ བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོ་ནི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ནས་ལོ་ངོ་10འཁོར་བའི་ལོ་ཞིག་ཡིན། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དགུ་པ་འཆར་ཉེར་ཡོད་པའི་སྐབས་སུ་ཚན་པ་ཁག་གིས“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་གསར་གཏོད་ཁྲིད་སྟོན་གྱི་ལོ་ངོ་10”ཞེས་པ་གཙོ་དོན་དུ་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མང་ཚོགས་ཀྱི་སེམས་ལ་འཇགས་ཐུབ་པ་དང་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

ཉིན་ཤས་གོང་། ཀླུ་སྡིངས་སྡེ་ཁུལ་གྱིས་ཏང་ཡོན་ལས་བྱེད་པ་དང་། གྲོང་མི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། འགྲེལ་བཤད་པས་དཔེ་མཚོན་དངོས་དང་ཟུང་འབྲེལ་བྱས་ཏེ། པར་རིས་དང་བརྙན་ལམ་སོགས་ཀྱི་བྱ་ཐབས་བརྒྱུད་དེ《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》《གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》སོགས་རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ་རབ་དང་རིམ་པར་དམ་པོར་དམིགས་ནས་གོ་བདེ་ཤེས་སླའི་འགྲེལ་བཤད་བརྒྱབ་པས། ཁོང་ཚོས་རྒྱལ་ཁབ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་སྔར་བས་ངོས་འཛིན་ཐུབ་པར་མ་ཟད། རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཡང་ཟབ་ཏུ་ཕྱིན་ཡོད་པ་རེད། ཚང་མས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་ནང་ཧུར་ཐག་ཞུགས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་དེ་རང་རྟོགས་ཤིག་དང་། འདུ་ཤེས་ཤིག འགན་འཁྲི་ཞིག བྱང་ཚད་ཅིག་བཅས་སུ་འགྱུར་བར་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

གྲོང་མི་བློ་བཟང་བསྟན་པས་པར་རིས་དང་། བརྙན་ལམ། འགྲེལ་བཤད་པའི་འགྲེལ་བཤད་བཅས་བརྒྱུད། ང་ཚོར་རྒྱལ་ཁབ་བདེ་འཇགས་ཀྱི་འབྲེལ་ཡོད་ཤེས་བྱ་མང་པོ་ཤེས་རྟོགས་བྱུང་ལ། བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་དང་བཀག་འགོག་བྱེད་པའི་ནུས་པའང་ཆེ་རུ་ཕྱིན་སོང་ཞེས་བཤད།

དོག་སྡེ་ཁྲོམ་གཞུང་གིས“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་གསར་གཏོད་ཁྲིད་སྟོན་གྱི་ལོ་ངོ་10”ཞེས་པ་གཙོ་དོན་དུ་བྱས་ནས་གྲོང་གསེབ་ཏུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་རིང་། གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་གྱིས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་།རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྤྱི་དམངས་ཀྱི་འོས་འགན།གསང་མྱུལ་ལ་ངོ་རྒོལ་དང་འགོག་སྲུང་བྱེད་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་སྦྲགས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བར་མ་ཟད།རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་སྤྱི་དམངས་དང་རྩ་འཛུགས་ཀྱི་ཐེར་འདོན་བདག་སྤྲོད་བྱེད་པའི་ཁ་པར་12339བྱས་ཚུལ་ངོ་སྤྲོད་ཀྱང་བྱས་པ་རེད།

བྱེད་སྒོའི་ནང་ད་དུང་དྲིལ་བསྒྲགས་སྦྱར་ཡིག་དང་། པར་རིས། བརྙན་ལམ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ལ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-17 6 6 拉萨日报藏文 c179443.html 1 རང་གྲོང་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་ བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->