分享按钮

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཞིབ་བསྡུར(རྒྱ་ཆེ)ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)ཚོགས་འདུའི་ཐོག་ བློ་མཐུན་གསུམ་གྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམིགས་ནས་གཏམ་བཤད་སྤེལ་བ་རེད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཏང་གི་སྒྲིག་ཡིག་ནང་བཀོད་པ་དེ་ནི་རང་རེའི་ཏང་གི་ལོ་རྒྱུས་ཐོག་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཛུབ་ཁྲིད་བསམ་བློའི་ཐད་ནས་གཏན་འཁེལ་བྱས་པའི་འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་དང་པོ་དེ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པའི་འཐབ་ཇུས་ཀྱི་བློ་གྲོས་དང་འགན་འཁྲི་མཚོན་ཡོད། གྲོང་ཨུད་ཀྱིས་སྔར་ནས་བཟུང་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་མཐོང་ཆེན་གནང་གི་ཡོད་ལ། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཀྱང་མཛུབ་སྟོན་ཐེངས་མང་གནང་སྟེ། རྒྱལ་ཁབ་བདེ་འཇགས་ནི་རྒྱལ་ཁབ་འཚོ་གནས་དང་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་དང་བློ་ཐག་ཆོད་པོས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད་པས། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་། བདེ་འཇགས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། ཁྱོན་ཡོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་ལེན་མཐར་ཕྱིན་བསྟར་ནས་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་དགོས་པར་མ་ཟད། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲིའང་མཐའ་གཅིག་ཏུ་འཁུར་དགོས།

ཚོགས་འདུའི་ཐོག ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ཀྱི་ལེགས་ཆ་བཏོན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་འཛིང་རགས་སྲ་བརྟན་དུ་གཏོང་དགོས་པར་མ་ཟད། མི་དམངས་འཐུས་ཚོགས་རང་ངོས་ཀྱི་སློབ་གསོ་དང་དོ་དམ་ལའང་ཤུགས་བརྒྱབ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ལེགས་པར་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཕེང་ཧྥེ་ཡུའེ་དང་འཕྲིན་ལས་དར་རྒྱས། དེ་བཞིན་དྲུང་ཆེ་ཧོའུ་ཅིང་ཧྭ་བཅས་ཚོགས་འདུར་ཞུགས་ཡོད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-17 6 6 拉萨日报藏文 c179442.html 1 གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཞིབ་བསྡུར(རྒྱ་ཆེ)ཚོགས་འདུ་འཚོགས་པ། /enpproperty-->