ད་ལོ་ནི་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་30འཁོར་བའི་ལོ་རེད། ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་དཔུང་སྡེས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས“རྒྱལ་ཁབ་ཀྱི་བླང་བྱ”དང“ལྷ་སའི་དགོས་མཁོ”དང“ཅང་སུའུ་ཡི་ནུས་པ”ཟུང་འབྲེལ་དམ་ཟབ་བྱས་ནས“ཁྱབ་ཁོངས་ཆེན་པོ་ལྔ”ལ་དམིགས་ནས། རྣམ་གྲངས་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། ཐོན་ལས་མཉམ་ལས་སྒུལ་ཤུགས་སུ་བྱེད་པ། དམངས་འཚོ་ལེགས་གཏོང་གིས་རྨང་གཞི་བྱས་ཏེ་ཕྱོགས་ཡོངས་ནས་བོད་སྐྱོར་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
2023ལོར། ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་ཁག་བཅུ་པས“ཁ་གཏད་རོགས་སྐྱོར་ལས་དོན་ཁྲོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པའི”དམིགས་ཚད་ལ་དམིགས་ཏེ།
བྱ་སྤྱོད་དངོས་དང་གྲུབ་འབྲས་མངོན་གསལ་དོད་པོ་བརྒྱུད་ཁ་གཏད་རོགས་སྐྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་པར་བྱས་ཡོད། ལོ་འདིར“བ་སྤུ་མེ་ཏོག་དང་སྐལ་བཟང་མེ་ཏོག་གི་དྲི་ཞིམ་འཐུལ”ཞེས་པ་མྱུར་བགྲོད་ལྕགས་ལམ་ལ་མིང་བཀོད་པ་དང་། སུའུ་ལྷའི་ཐོན་ལས་མཉམ་ལས་འབྲེལ་མཐུད་ཚོགས་འདུ་དང“ལྷ་སའི་དངོས་རྫས་བཟང་པོ”ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་ཚོགས་འདུ་སོགས་ཀྱི་བྱེད་སྒོ་བརྒྱུད་ས་གནས་དེ་གའི་ཁྱད་ཐོན་ཐོན་རྫས་ཕྱིར་འཚོང་དང་བོད་ལྗོངས་ཀྱི་སྤུས་རྟགས་དྲིལ་བསྒྲགས་ལ་སྐུལ་འདེད་གནད་ལ་འཁེལ་བ་བཏང་ནས་རིག་གནས་ཡུལ་སྐོར་གྱི་ལས་རིགས་རྣམ་པ་ལེགས་སུ་བཏང་བ་རེད།
(པར་ངོས་གསུམ་པར་གཟིཊ)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社