分享按钮

འཛད་སྤྱོད་དངོས་མང་སྟོན་ཚོགས་ཐོག

རྒྱལ་ཟོག་གི་ཉམས་འགྱུར་མངོན་པ།

སྐབས་བཞི་པའི་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་དངོས་མང་སྟོན་ཚོགས་དེ་ཟླ་4ཚེས་13ཉིན་ནས་ཟླ་4ཚེས་18ཉིན་བར་ཧའེ་ནན་ཞིང་ཆེན་དུ་འཚོག་རྒྱུ་ཡིན་ཞིང་། སྐབས་འདིའི་འཛད་སྤྱོད་དངོས་མང་སྟོན་ཚོགས་ཐོག གཙོ་གནད་དུ་འགྲེམས་སྟོན་བྱ་རྒྱུའི་རྒྱལ་ཟོག་སྟེ་ཁྱད་ལྡན་གྱི་དར་སྲོལ་ཐོན་རྫས་དེ་འགྲེམས་སྟོན་ཁུལ་གྱི་འགྲེམས་ཁང་6པ་དང་། 7པ། 8པ་བཅས་སུ་ཡོད་ཅིང་། ས་གནས་ཁག་གི་རྒྱལ་ཟོག་ཁྱད་ལྡན་གྱི་དར་སྲོལ་ཐོན་རྫས་དང་། ཚོང་རྟགས་རྙིང་པ། “ཀྲུང་གོའི་རིག་ནུས་བཟོ་སྐྲུན”བཅས་འགྲེམས་སྟོན་བྱ་རྒྱུ་ཡིན་ཞིང་དེའི་ནང་ཟས་གོས་སྡོད་གསུམ་དང་། རོལ་རྩེད་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད། རྒྱལ་ནང་གི་ཁྱད་ཆོས་ལྡན་པའི་དར་སྲོལ་ཐོན་རྫས་ཀྱི་འགྲེམས་སྟོན་ཁུལ་ཕུད། འགྲེམས་སྟོན་ཁང་གཞན་དག་ལའང་རྒྱལ་ནང་གི་ཐོན་རྫས་སྤུས་དག་མང་པོ་འགྲེམས་སྟོན་བྱས་ནས་རྒྱལ་ནང་གི་ཐོན་རྫས་ཀྱི་ཉམས་འགྱུར་མངོན་པར་བྱ་རྒྱུ་ཡིན་པ་རེད།

པར་འདི་ནི་ཟླ་4ཚེས་14ཉིན།རྒྱལ་ཟོག་ཁྱད་ལྡན་གྱི་དར་སྲོལ་ཐོན་རྫས་འགྲེམས་སྟོན་ཁུལ་གྱི་བོད་ཀྱི་འགྲེམས་སྟེགས་ཐོག་པར་ལེན་བྱས་པའི་འགྱིག་མིའི་རྣམ་པ་ཡིན། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-17 རྒྱལ་ཟོག་གི་ཉམས་འགྱུར་མངོན་པ། 6 6 拉萨日报藏文 c179436.html 1 འཛད་སྤྱོད་དངོས་མང་སྟོན་ཚོགས་ཐོག /enpproperty-->