分享按钮

གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་པ།

​འཇམ་དབྱངས་བློ་གྲོས་ཀྱིས་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་12ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་པ་རེད།

གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་འཇམ་དབྱངས་བློ་གྲོས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཡུའེ་གོ་ཧུང་དང་། ཟླ་བ། ལིའུ་ལེང་། སུང་ལིའུ་ཀྲུའུ་བཅས་ཚོགས་འདུར་ཞུགས་ཤིང་། ལས་ཁུངས་ཀྱི་རྫོང་རིམ་པའི་ལས་བྱེད་པ་དང་ཚན་ཁག་གི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་གནང་ཡོད།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ།《མི་དམངས་གོང་དུ་བཀུར་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས》ཞེས་པ་དང་།《〈ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་ཆང་རག་འཐུང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བ་དང་རྒྱན་འཛུགས་ནང་ཞུགས་པའི་གནད་དོན་སྔར་བས་སྔོན་འགོག་དང་བཅོས་སྐྱོང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ〉པར་འགྲེམས་བྱ་རྒྱུའི་སྐོར》

དེ་བཞིན་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་སོགས་ཀྱི་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

འཇམ་དབྱངས་བློ་གྲོས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས་པ་སྟེ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-17 ​འཇམ་དབྱངས་བློ་གྲོས་ཀྱིས་གཙོ་སྐྱོང་གནང་བ། 6 6 拉萨日报藏文 c179438.html 1 གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་པ། /enpproperty-->