分享按钮

རང་རྒྱལ་གྱི་གཙང་པོ་དང་ཆུ་བོ་གཙོ་བོར་2024ལོའི་ཉེན་ཁ་ཆེ་བའི་ཆུ་ལོག་ཐོག་མ་ཐོན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ།ཆུ་བེད་པུས་ཆུ་རྒྱས་ཚུལ་བརྡ་ཁྱབ་བཏང་བ་དང་། ཚེས་7ཉིན་གྱི་ཆུ་ཚོད་6དང་སྐར་མ་35ཡི་ཐོག ཀྲུའུ་ཅང་གཙང་པོའི་པེ་ཅང་གཞུང་ཆུའི་ཧྲི་ཅོ་ཆུ་དཔྱད་ས་ཚིགས་ཀྱི་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་12000བར་འཕར་བ་དང་། པེ་ཅང་དུ་2024ལོའི་ཆུ་ལོག་ཐོག་མ་དེ་ཐོན་པ་རེད།

འདི་ནི་རང་རྒྱལ་གྱི་ད་ལོའི་གཙང་པོ་དང་ཆུ་བོ་གཙོ་བོར་ཆུ་ལོག་ཐོན་ཐེངས་ཐོག་མ་ཡིན་ལ།1998ལོ་ནས་བཟུང་རྒྱལ་ཡོངས་སུ་ཆུ་ལོག་ཐོན་ཚུལ་བསྡོམས་རྩིས་བརྒྱབ་ཚུན་དུ་ཐོན་སྔ་ཤོས་ཤིག་ཀྱང་རེད།

ཉེ་ཆར་དྲག་ཆར་བབས་པའི་དབང་གིས་ཀྲུའུ་ཅང་གཙང་པོའི་འབབ་རྒྱུད་ཀྱི་པེ་ཅང་དུ་མངོན་གསལ་དོད་པའི་ཆུ་ལོག་ཐོན་ཡོད་ཅིང་། ཆུ་བེད་པུས་ཉིན་ཤས་གོང་།ཆུ་ལོག་འགོག་སྲུང་གི་རིམ་པ་Ⅳའཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་དང་སྦྲགས། ལས་དོན་ཚོགས་ཆུང་ཀོང་ཏུང་གི་འཐབ་ས་མདུན་མར་ཞིབ་བཤེར་མཛུབ་ཁྲིད་བྱེད་པར་བཏང་བ་རེད།

ཆུ་བེད་པུས་ཀྲུའུ་ཅང་ཆུ་བེད་ཨུ་ཡོན་ལྷན་ཁང་དང་ཀོང་ཏུང་སོགས་ས་ཁུལ་གྱི་ཆུ་བེད་ཚན་པས་འགོག་སྲུང་གི་བྱ་ཐབས་སྣ་ཚོགས་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་ལ། ཆུ་བེད་པུའི་ཞོད་ཐན་གྱི་གནོད་སྐྱོན་སྔོན་འགོག་སིའི་འབྲེལ་ཡོད་འགན་འཁུར་བས་ཆུ་བེད་ཚན་པས་ཆུ་རྒྱས་ཚུལ་ལ་དམིགས་ནས་པེ་ཅང་གི་ཆུ་ལོག་ལ་ཁ་གཏད་གཅོག་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-09 6 6 拉萨日报藏文 c178969.html 1 རང་རྒྱལ་གྱི་གཙང་པོ་དང་ཆུ་བོ་གཙོ་བོར་2024ལོའི་ཉེན་ཁ་ཆེ་བའི་ཆུ་ལོག་ཐོག་མ་ཐོན་པ། /enpproperty-->