(པར་ངོས་དང་པོར་མཐུད)དཔྱད་དཔོག་གསལ་འབྱེད་ཚན་པ་བཅས་ཀྱིས་ཐོ་འགོད་འགྲོ་ལུགས་གཉེར་དགོས། ཐོ་འགོད་སྙན་སེང་མ་ཞུས་ན། ལག་བརྒྱུད་རླངས་འཁོར་གྱི་ཉོ་འཚོང་ཁྲོམ་རའི་ཚོང་པ་དང་ལག་བརྒྱུད་རླངས་འཁོར་གྱི་ཚོང་གཉེར་བྱེད་པོར་ཚོང་ལས་གཉེར་བའི་ཐོབ་ཐང་མི་ཐོབ་ཅེས་བླང་བྱ་བཏོན་ཡོད།
མིག་སྔར།གྲོང་ཁྱེར་ཡོངས་སུ་རྒྱལ་ཡོངས་ཀྱི་རླངས་འཁོར་འཁོར་རྒྱུག་ཆ་འཕྲིན་དོ་དམ་མ་ལག་ཐོག་ཐོ་འགོད་བྱས་ནས་ཆོག་མཆན་ཐོབ་པའི་ལག་བརྒྱུད་རླངས་འཁོར་ལས་རིཊ་ཀྱི་ཁེ་ལས་ཁྱོན་142ཡོད། ཐོ་འགོད་བྱས་ནས་ཆོག་མཆན་ཐོབ་པའི་རང་གྲོང་གི་ཁེ་ལས་ཤིག་སྟེ་བོད་ལྗོངས་རུའེ་ཤིན་ཐུང་གྲཊ་ཅན་རླངས་འཁོར་ཁྲོམ་རའི་འབྲེལ་ཡོད་འགན་འཁུར་བས《བརྡ་ཐོ》ལག་བརྒྱུད་རླངས་འཁོར་ལས་རིགས་ཀྱི་ཁེ་ལས་གཉེར་སྟངས་ཚད་ལྡན་དུ་གཏོང་བ་དང་ ཉོ་འཚོང་ཕྱོཊ་གཉིས་པོའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་པ། ཡིད་རྟོན་ཁྲོམ་རའི་ཁོར་ཡུག་གཏོད་པ་བཅས་ཀྱི་ཐད་གཞི་འཛིན་ས་ནུས་ལྡན་མཁོ་འདོན་བྱས་འདུག་ཅེས་བཤད།
ལག་བརྒྱུད་རླངས་འཁོར་གྱི་ཁྲོམ་ར་འཁྲུག་ཏུ་གཏོང་བ་དང་། ལག་བརྒྱུད་རླངས་འཁོར་གྱི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱིས་རླངས་འཁོར་འཚོང་བ་དང་ཁེ་ལས་ཀྱིས་ཚོང་གཉེར་བྱེད་པར་སྟབས་བདེ་སྐྲུན་པ་བཅས་བྱ་ཆེད། 《བརྡ་ཐོའི》ནང་། ཐོ་འགོད་སྙན་སེང་ཞུས་པའི་ལག་བརྒྱུད་རླངས་འཁོར་གྱི་ཚོང་པ་དང་། ལག་བརྒྱུད་རླངས་འཁོར་གྱི་བརྒྱུད་འཚོང་ཀུང་སི(ཁེ་ལས) ལག་བརྒྱུད་རླངས་འཁོར་གྱི་ཧབ་འཚོང་ཁེ་ལས་བཅས་ཀྱིས་ཁྲལ་དོན་དོ་དམ་ལས་ཁུངས་ལ《ལག་བརྒྱུད་རླངས་འཁོར་གྱི་བྲིན་འཚོང་གཅིག་གྱུར་འཛིན་ཤོག》རེ་ཞུ་བྱས་ནས་ལེན་ཆོག་པ་དང་། ཐོ་འགོད་སྙན་སེང་ཞུས་པའི་རླངས་འཁོར་ཕྱིར་འཚོང་ཁེ་ལས་ཀྱིས་མི་སྒེར་གྱི་མདུན་ནས་ལག་བརྒྱུད་རླངས་འཁོར་ཉོས་ན། ཁེ་ལས་ཀྱིས་ལྡོག་ཕྱོགས་ནས་ལག་བརྒྱུད་རླངས་འཁོར་བྲིན་འཚོང་གི་འཛིན་ཤོག་སྤྲོད་ཆོག་པར་མ་ཟད། འཛིན་ཤོག་དེ་ལ་གཞིགས་ནས་སྤོ་བསྒྱུར་ཐོ་འགོད་ཀྱི་འགྲོ་ལུགས་ཀྱང་གཉེར་ཆོག་ཅེས་བསྟན་ཡོད།
གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཁྲོམ་རའི་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ལི་ནའེ་ཤོན་གྱིས《བརྡ་ཐོའི》ནང་ལག་བརྒྱུད་རླངས་འཁོར་གྱི་ཚོང་གཉེར་བྱེད་པོ་འཛུགས་པའི་གོ་རིམ་དང་། ཞིབ་མཆན་གོ་རིམ། དེ་བཞིན་ཐོ་འགོད་སྙན་སེང་ཇི་ལྟར་ཞུ་བ་དང་། ཁྱབ་གདལ་ཇི་ལྟར་གཏོང་བ། ཚོང་གཉེར་བྱེད་པོར་ཐོ་འགོད་ཇི་ལྟར་བྱེད་པ་སོགས་ཚད་ལྡན་དང་ཁ་གསལ་འཁོད་འདུག དེས་ལག་བརྒྱུད་རླངས་འཁོར་གྱི་ལས་རིགས་གཉེར་མཁན་ཁེ་ལས་དང་མི་སྒེར་ལ་མཛུབ་ཁྲིད་ཀྱི་ནུས་པ་ཐོན་ནས་རང་གྲོང་གི་ལག་བརྒྱུད་རླངས་འཁོར་གྱི་ལས་རིགས་འཁོར་རྒྱུག་དེང་རབས་ཅན་དང་། ཉོ་འཚོང་སྟབས་བདེ་ཅན། གོ་རིམ་ཚད་ལྡན་ཅན། ཁྲོམ་ར་སྐྱོན་བྲལ་ཅན་བཅས་སུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བཤད།
སླད་ཕྱིན། སྡེ་ཚན་བཞིས་འགན་ནུས་ལ་གཞི་ཚུགས་ནས་མཐུན་སྦྱོར་དང་ལྟ་སྐུལ། དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ལྟ་སྐུལ་དོ་དམ་བྱ་རྒྱུ་དང་། ལག་བརྒྱུད་རླངས་འཁོར་གྱི་འཁོར་རྒྱུག་ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ། ལག་བརྒྱུད་རླངས་འཁོར་གྱི་ཚོང་གཉེར་བྱེད་པོའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱ་རྒྱུ། ལག་བརྒྱུད་རླངས་འཁོར་གྱི་ཁྲོམ་རའི་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་ཧུར་ཐག་བཙུགས་ཏེ། དྲང་གཞག་དང་ལྡན་པའི་ཁྲོམ་རའི་འགྲན་རྩོད་ཁོར་ཡུག་ཅིག་བཏོད་ནས་འཛད་སྤྱོད་པ་དང་ཚོང་གཉེར་བའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社