分享按钮

ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར་5000གཡར་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་མ་བཏང་སྟེ་དངུལ་འབོར་སྒོར་དུང་ཕྱུར་5000ཟིན་ནས་སྐྱེད་ཚད་བརྒྱ་ཆ་1.75ཟིན་པ་དེའི་དམིགས་ཡུལ་ནི་དངུལ་རྩའི་སྒྲིག་གཞིས་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་གཙོ་གནད་ཁྱབ་ཁོངས་ཀྱི་ལག་རྩལ་སྒྱུར་བཀོད་དང་སྒྲིག་ཆས་གསར་བརྗེས་རྣམ་གྲངས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱ་རྒྱུ་དེ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་ཚབ་གསར་བརྗེས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་གིས་བཙུགས་པའི་ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར་5000དང་། སྐྱེད་ཚད་བརྒྱ་ཆ་1.75 དུས་བཀག་ལོ་གཅིག་ཡིན་པ་དང་འགྲེམས་ཐེངས་གཉིས་ཡིན་ཞིང་། འགྲེམས་ཐེངས་རེའི་དུས་བཀག་ལོ་གཅིག་ཡིན་པ་རེད། གཏོང་སྤྲོད་བྱ་ཡུལ་ནང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་། གཞུང་ཁོངས་ཚོང་ལས་དངུལ་ཁང་། ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་། མ་རྐང་ལམ་ལུགས་ཀྱི་ཚོང་ལས་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞི་21ཚུད་ཡོད་པ་རེད།

གསར་འགོད་པས་ཤེས་རྟོཊ་བྱས་པར་གཞིཊ་ན། ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་མ་ནི་སྔར་ཡོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་དངུལ་བུན་བསྐྱར་མ་དང་སྒྲིག་ཆས་གསར་བརྗེས་སྒྱུར་བཀོད་ཀྱི་ཆེད་སྤྱོད་དངུལ་བུན་བསྐྱར་མ་གཏོང་བའི་སྲིད་ཇུས་རྒྱུན་མཐུད་དེ་ཡིན་པ་དང་། ཁག་གཉིས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་སྒྱུར་བཅོས་དང་འཐུས་ཚང་དུ་བཏང་ནས་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ་ཚན་རྩལ་གསར་གཏོད་དང་། ལག་རྩལ་སྒྱུར་བཀོད། སྒྲིག་ཆས་གསར་བརྗེས་བཅས་ཁྱབ་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྔར་བས་སྐོང་ཐུབ་པར་བྱ་རྒྱུ་རེད།

ཀྲུང་གོ་མི་དམངས་དངུལ་ཁང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཀྱི་རེ་ཞུ་ལྟར་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་ཁེ་ལས་ཀྱི་མིང་ཐོ་དང་རྣམ་གྲངས་ཀྱི་རྩིས་ཐོ་དཔྱད་གཞིར་འཛིན་ཏེ་ཉེན་ཁ་རང་ཁུར་བྱེད་པའི་རྩ་དོན་ལྟར་རང་བདག་ངང་དངུལ་བུན་གཏོང་མིན་དང་དངུལ་བུན་གཏོང་བའི་ཆ་རྐྱེན་ཐག་གཅོད་བྱས་ཡོད། དངུལ་རྩའི་སྒྲིག་གཞིས་ཀྲུང་གོ་མི་དམངས་དངུལ་ཁང་ལ་དངུལ་བུན་བསྐྱར་མ་གཏོང་རྒྱུའི་རེ་ཞུ་བྱས་པ་དང་ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་བུན་རྩིས་ཐོ་ལ་ཞིབ་བཤེར་གཏན་འབེབས་བྱས་པ་དང་། འདེམས་སྒྲུག་གྲ་སྒྲིག་ཁེ་ལས་ཀྱི་མིང་ཐོའམ་ཡང་ན་རྣམ་གྲངས་ཀྱི་རྩིས་ཁྲའི་ནང་བླང་བྱ་དང་མཐུན་པའི་དངུལ་བུན་གཡར་ཚེ་དངུལ་བུན་གཡར་བའི་མ་དངུལ་གྱི་བརྒྱ་ཆ་60ལྟར་དངུལ་རྩའི་སྒྲིག་གཞིར་དངུལ་བུན་བསྐྱར་མ་གཏོང་གི་ཡོད་པ་རེད།

ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་མ་བཏང་བ་དེས་དངུལ་རྩའི་སྒྲིག་གཞིས་རང་བརྟེན་ཐབས་ཇུས་དང་ཉེན་ཁ་རང་ཁུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གསར་གཏོད་ཐོག་མ་དང་ཡུན་རིང་གི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་དེ་བཞིན་གཙོ་གནད་ཁྱབ་ཁོངས་ཀྱི་གྲངས་གཞི་ཅན་དང་། རིག་ནུས་ཅན། རྩེར་སོན་ཅན། ལྗང་མདོག་ཅན་བཅས་ཀྱི་ལག་རྩལ་སྒྱུར་བཀོད་དང་སྒྲིག་ཆས་གསར་བརྗེས་རྣམ་གྲངས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱ་རྒྱུར་ཕན་ཐོཊ་ཡོད་ཅེས་བཤད།(ཉི་ཆོས་ཀྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-09 6 6 拉萨日报藏文 c178970.html 1 ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར་5000གཡར་བ། /enpproperty-->