分享按钮

(པར་ངོས་དང་པོར་མཐུད)ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་སོཊ་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་2.6G+4.9Gཡི་ཐེག་རླབས་གསུམ་མཉམ་འདུས་ལག་རྩལ་བཀོད་སྒྲིག་བྱས་ནས། རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་མཚོན་བྱེད་དུ་བྱེད་པའི་5G—Aཡི་སྤུས་དག་དཔེ་སྟོན་ཁུལ་ཧུར་ཐག་གཏོད་རྒྱུ་རེད།

5G-Aནི་5Gདེ་6Gཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གནད་འགག་གི་དུས་རིམ་ཞིག་ཡིན་ལ། 5Gདང་བསྡུར་ན། དེར་སྔར་ལས་མགྱོགས་པའི་ཚད་དང་། སྔར་ལས་ཆེ་བའི་འབྲེལ་མཐུད། སྔར་ལས་དམའ་བའི་དུས་འགྱངས་ཀྱི་ཁྱད་ཆོས་ལྡན་ཡོད། ཀུན་འཕྲོད་ཚོར་སྣང་གཞི་གཅིག་དང་། ཀུན་འཕྲོད་བློ་སྟོབས། གནམ་ས་གཞི་གཅིག་སོགས་ཀྱི་ལག་རྩལ་ནང་འདྲེན་བྱས་པ་དང་ཆབས་ཅིག་5Gཡི་མཐའ་མཚམས་རྒྱ་ཆེར་གཏོང་རྒྱུ་དང་5G-Aཡིས་མི་རྣམས་ལ་གྲངས་འཛིན་གྱི་འཚོ་བ་གསར་རྐྱང་ཞིག་གཏོད་རྒྱུ་མ་ཟད། ཐོན་ལས་རིམ་སྤོར་ལ་རམ་འདེགས་ཀྱང་བྱ་རྒྱུ་རེད།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-09 6 6 拉萨日报藏文 c178967.html 1 /enpproperty-->