(པར་ངོས་གཉིས་པར་མཐུད)སྤྱི་ཚོགས་ཀྱི་ལག་ལེན། ངལ་རྩོལ་སློབ་གསོ་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་གྲོན་ཆུང་བསྲི་ཚགས་རྣ་བར་འཇགས་པར་བྱེད་པ། གསུམ་ནས་ཟ་ཁང་གི་ཟས་ལྷག་མེད་པར་བཟོ་བའི་སྡེར་གཙང་བྱ་སྤྱོད་ཁྱོན་ཡོངས་ནས་རྒྱུན་མཐུད་ངང་སྤེལ་བ་དང་།སློབ་གྲྭའི་འགོ་ཁྲིད་ཀྱི་ཟ་རོགས་ལམ་ལུགས་དོན་འཁྱོལ་བྱས་ཏེ་དགེ་སློབ་ཀྱིས་མཉམ་དུ་སྡེར་གཙང་བཟོས་ནས་ལོ་ཚད་མི་འདྲ་བ་དང་།ཕོ་མོ་མི་འདྲ་བ་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་དགོས་མཁོ་གཞིར་བཟུང་ཟ་མ་ཐེངས་མང་ལེན་དགོས་པ། བཞི་ནས་ཕུགས་ཕན་དོ་དམ་ལམ་སྲོལ་བཙུགས་ནས་སྒྲིག་འཛུགས་དོ་དམ་དང་བཀོལ་སྤྱོད་ལག་བསྟར། ལྟ་སྐུལ་དཔྱད་ཞིབ་སོགས་ཀྱི་ལྷུ་ཚིགས་ལ་དམིགས་ཏེ་སློབ་གྲྭ་ཁག་ཚང་མས་ཞིབ་ཕྲའི་ནུས་ལྡན་དང་ལག་ལེན་དུ་འཁྱོལ་ཐུབ་པའི་སློབ་གྲྭའི་བཟའ་བཏུང་ཆུད་ཟོས་སུ་གཏོང་བར་བཀག་འགོག་བྱེད་པའི་བྱ་སྤྱོད་ཀྱི་ཇུས་གཞི་དང་འབྲེལ་ཡོད་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ་ལམ་ལུགས་ཚད་གཞིར་འཛིན་ནས་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ལྟ་སྐུལ་དོ་དམ་སྣུར་སྲིང་བྱས་པ་བརྒྱུད་གནད་སྨིན་ལྟ་སྐུལ་དོ་དམ་དང་སྔོན་ལ་ལྟ་སྐུལ་དོ་དམ་བྱས་ཏེ།བཟའ་བཏུང་ཆུད་ཟོས་སུ་གཏོང་བར་བཀག་འགོག་བྱེད་པའི་བྱ་ཐབས་ལྡན་པའི་སློབ་གྲྭའི་ཟ་ཁང་གི་དོ་དམ་ལམ་སྲོལ་ཆགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་རང་གྲོང་གི་སློབ་གྲྭའི་བཟའ་བཏུང་ཆུད་ཟོས་ཀྱི་སྣང་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁག་གིས་སློབ་གྲྭའི་འགོ་ཁྲིད་ཀྱི་ལྟོ་ཆས་ཟ་རོགས་བྱེད་པའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་དེ་ཚན་རིག་དང་མཐུན་ཞིང་། ཚད་ལྡན་ཡིན་པ། དེ་བས་གཟབ་ནན་བཅས་ཀྱི་སྒོ་ནས་སྤེལ་ཏེ་སྤྱི་ཚོགས་དང་། ཁྱིམ་བདག སློབ་མ་བཅས་ཀྱི་བློ་ལ་བབ་པར་བྱས་ཡོད།
(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社