分享按钮

ཚུལ་མིན་གྱི་བྱ་སྤྱོད་དམར་རྗེན་དུ་བཏོན་ནས་ཐུན་མོང་ཐོག་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་གྲོང་མི་མང་ཚོགས་ཀྱིས་གླེང་མང་བའི་འགྲིམ་འགྲུལ་སྒྲིག་འགལ་གྱི་སྣང་ཚུལ་སྣ་ཚོགས་དང་དེ་བཞིན་ལམ་དུམ་ཁག་གཅིག་གི་ཁོར་ཡུག་བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་ལ་དམིགས་ནསཡུལ་དངོས་སུ་བཅར་འདྲི་བྱས་པ་རེད།

གསར་འགོད་པ་ཅང་སུའུ་ཤར་ལམ་ནས་བཅིངས་འགྲོལ་ཤར་ལམ་བར་སྐྱོད་སྐབས་ཚུལ་མིན་གྱི་སྣང་ཚུལ་མང་པོ་ཞིག་ཤེས་རྟོགས་བྱུང་་ཡོད།

ཅང་སུའུ་ལམ་གྱི་ཝ་པ་གླིང་སྤྱི་གླིང་གི་འཛུལ་སྒོ་ནས་གསར་འགོད་པས་ཟོག་འདྲེན་རླངས་འཁོར་གང་བྱུང་དུ་མི་བགྲོད་ལམ་དུ་བཞག་ཡོད་པ་དང་། འབྱུང་ཁམས་ལམ་དང་ཅང་སུའུ་ལམ་གྱི་ལམ་བཞི་མདོ་ཁར་མངགས་ཉོ་སྐྱེལ་མཁན་མི་ཉུང་བ་ཞིག་གིས་ཁ་ཕྱོགས་ལྡོག་ནས་སྐྱོད་པ། གློག་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་བདེ་འཇགས་ཞྭ་མོ་མི་གྱོན་པར་གློག་སྒུལ་འཁོར་རིགས་གཏོང་བ་དང་། ཤོང་ཚད་ལས་བརྒལ་བ།འགྲིམ་འགྲུལ་གློག་དམར་ལས་བརྒལ་བ། རྐང་ཐང་བས་གཞུང་ལམ་ནས་གང་བྱུང་དུ་བགྲོད་པ་སོགས་ཀྱི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད་པ་མཐོང་ཡོད།

གསར་འགོད་པ་བཅིངས་འགྲོལ་ཤར་ལམ་གྱི་དྲན་གསོའི་རྡོ་རིང་གི་ལམ་མདོར་སྐྱོད་སྐབས་བདེ་འཇགས་ཞྭ་མོ་མི་གྱོན་པར་གློག་སྒུལ་འཁོར་རིགས་གཏོང་བ་དང་། འགྲིམ་འགྲུལ་གྱི་གློག་དམར་བརྒལ་བའི་སྣང་ཚུལ་སྔར་བཞིན་གནས་ཡོད་ཅིང་། འཆར་འགོད་བྱས་ཟིན་པའི་མཉམ་སྤྱོད་གློག་འཁོར་འཇོག་ས་ཐག་ཉེ་པོ་ཡོད་ནའང་། ད་དུང་ལོང་བའི་བགྲོད་ལམ་བཀག་ནས་འཇོག་གི་ཡོད་པ་མཐོང་ཡོད།

གསར་འགོད་པས་ཉི་འོད་གླིང་ཕྲན་གྱི་ཤར་ནུབ་ཟམ་པའི་ལམ་མདོ་ནས་ཚུན་མིན་གྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་མང་པོ་ཡོད་པ་མཐོང་བྱུང་། མང་ཆེ་བ་ནི་བདེ་འཇགས་ཞྭ་མོ་མི་གྱོན་པ་དང་། གློག་སྒུལ་འཁོར་རིགས་དང་རྐང་ཐང་བས་རང་དགར་གློག་དམར་ལས་བརྒལ་ནས་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པས་གཙང་འགྲམ་སྤྱི་གླིང་ཉེ་འཁོར་གྱི་སྤང་སྟེང་དུ་ཤོག་སྙིགས་དང་། རྔན་པ་བླུགས་སའི་འགྱིག་ཤོག ཤོག་སྒམ་སོགས་གད་སྙིགས་ཡོད་པ་དང་། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ཅང་སུའུ་ལམ་གྱི་ཡན་ལག་སློབ་གྲྭའི་སྒོ་འགྲམ་གྱི་རྡོ་གཅལ་མང་པོ་ཞིག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ། བོད་ལྗོངས་སློབ་གསོའི་མགྲོན་ཁང་གི་གཡས་ངོས་སྲང་ལམ་ནང་གི་གློག་སྐུད་ཟང་ཟིང་ཡིན་པས་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ལྡན་པ་མཐོང་ཡོད།

དམར་རྗེན་དུ་འདོན་རྒྱུ་ནི་དམིགས་ཡུལ་མ་ཡིན་པར། ལྷ་ས་འདི་ཉིད་དེ་བས་ཤེས་དཔལ་ལྡན་པ་དང་དེ་བས་མཛེས་སྡུག་ལྡན་པར་བྱ་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན། འདི་གར་རྒྱ་ཆེའི་གྲོང་མིར་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་དོན་ཆུང་དང་རང་ངོས་ནས་འགོ་རྩོམ་དགོས་པ་དང་།ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་རྣམ་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་མཛེས་སྡུག་ལྡན་པའི་ལྷ་ས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-09 6 6 拉萨日报藏文 c178963.html 1 ཚུལ་མིན་གྱི་བྱ་སྤྱོད་དམར་རྗེན་དུ་བཏོན་ནས་ཐུན་མོང་ཐོག་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པ། /enpproperty-->