(པར་ངོས་དང་པོར་མཐུད)གནས་བབ་གསར་པར་ལྟ་སྟངས་ཡང་དག་འཛིན་དགོས། མཐོང་རྒྱ་ཆེ་རུ་གཏོང་བ་དང་བསྟུན་ནས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྱུར་ལྡོག་གསར་པ་དང་ལྷ་སའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྟངས་འཛིན་གཏིང་ཟབ་བྱས་ནས་ཉེན་ཁའི་འདུ་ཤེས་དང་གོ་སྐབས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་བཏང་སྟེ་འགྱུར་ལྡོག་གསལ་པོར་མཐོང་བ་དང་ངོས་འཛིན་གནད་འཕིགས་བྱེད་པ། ཚན་རིག་དང་མཐུན་པའི་འགྱུར་ལྡོག་ལ་གནད་སྨིན་གྱི་བྱ་ཐབས་སྤྱོད་པ། རང་འགུལ་གྱིས་འགྱུར་ལྡོག་ཡོང་བར་བྱེད་པ་བཅས་བྱ་དགོས། སྤྱོད་ཚུལ་གསར་པར་བརྟེན་ནས་བྱས་རྗེས་གསར་པ་འཇོག་དགོས། འཕེལ་རྒྱས་དང་བདེ་འཇགས་ཐད་སྔར་བས་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱས་ཏེ“མཛུབ་མོ་བཅུ་ཡིས་ཀང་ཆིན་དཀྲོལ་བ”མཐའ་འཁྱོངས་དང་། དམིགས་བསལ་གྱིས་ནན་ཏན་དང་དམིགས་བསལ་གྱིས་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་དཔལ་འབྱོར་གྱི་ལས་དོན་ཁག་སྔར་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་བྱས་ཏེ“དུས་ཚིགས་གཉིས་པའི”དུས་ཚོད་ཕྱེད་ཀ་ལས་བརྒལ་བ་དང་། ལས་འགན་ཕྱེད་ཀ་ལས་བརྒལ་བ་འགན་ལེན་ཏན་ཏིག་བྱ་དགོས་པའི་ནན་གསུངས་གནང་བ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社