分享按钮

ལྷུན་གྲུབ་རྫོང་གིས་འབྲུབ་འགོག་ལས་གཞིའི་འཕེལ་རིམ་མགྱོགས་སུ་བཏང་བ།

(པར་ངོས་དང་པོར་མཐུད)ལྷུན་གྲུབ་རྫོང་གསུམ་འཕྲེང་གཙང་པོའི་གསུམ་འཕྲེང་ཟམ་པའི་སྟོད་རྒྱུད་ཀྱི་འབྲུབ་འགོག་ལས་གཞིའི་འཛུགས་སྐྲུན་གྱི་ཆུ་རགས་ཀྱི་སྤྱིའི་རིང་ཚད་སྤྱི་ལེ་9.333ཟིན་པ་དང་སྐྲུན་དངོས་26གསར་སྐྲུན་བྱས་པའི་ནང་གཙང་པོའི་གཤམ་དུ་སྐས་གོམ་18དང་། ཆུ་འདྲེས་ས་3 ཆུ་འདྲེན་ཆུ་འབུད་སྦུག་ལམ་5 ཆུ་ལམ་གཙང་བཟོ་སྨི་རྒྱ་དཔངས་གྲུ་བཞི་མ་14971.05བཅས་ཡོད་པ་དང་ལས་གྲྭའི་ལས་ཡུན་ཟླ་8ཡིན་པ་རེད།

མིག་སྔའི་བར་ལས་གཞིའི་བསྡོམས་འབོར་གྱི་བརྒྱ་ཆ་10ལེགས་སྒྲུབ་བྱས་ཡོད་པ་དང་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་ཆུ་རགས་ལས་གྲྭ་གཙོ་བོ་ལེགས་གྲུབ་བྱ་རྒྱུ་རེད། རྣམ་གྲངས་ཀྱི་ཅིང་ལི་རའོ་ཆན་ཀུའེ་ཡིས་སླད་ཕྱིན་ང་ཚོའི་ལས་དོན་གཙོ་བོ་ནི་ཆུ་ལོག་སྔོན་འགོག་བྱེད་པའི་ཆུ་རགས་ཀྱི་རྨང་གཞི་སྔོག་འདོན་དང་ཨར་འདམ་ལྕགས་རྩིབ་དང་ལྕགས་དྲ་བཟོ་རྒྱུ་དེ་རེད། རྣམ་གྲངས་དེ་འདི་ལོའི་ཟླ་12པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་ནས་རྩིས་སྤྲོད་བྱ་རྒྱུ་རེད་ཅེས་བཤད།

ལྷུན་གྲུབ་རྫོང་གསུམ་འཕྲེང་གཙང་པོའི་གསུམ་འཕྲེང་ཟམ་པའི་སྟོད་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་ལས་གཞི་ནི་ལྷུན་གྲུབ་རྫོང་གི་གཙོ་གནད་ཆུ་བེད་རྣམ་གྲངས་ཀྱི་གྲས་ཤིག་རེད། རྣམ་གྲངས་བསྐྲུན་ཟིན་རྗེས་སྒང་པ་གྲོང་ཚོ་དང་གསུམ་འཕྲེང་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་མཐོ་རུ་ཕྱིན་ནས་རྨོ་ཞིང་རྒྱ་ཁྱོན་མུའུ་5565དང་རྩྭ་ཐང་གི་རྒྱ་ཁྱོན་མུའུ་6000ལ་སྲུང་སྐྱོང་ཐུབ་པ་བྱ་རྒྱུ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-09 6 6 拉萨日报藏文 c178960.html 1 ལྷུན་གྲུབ་རྫོང་གིས་འབྲུབ་འགོག་ལས་གཞིའི་འཕེལ་རིམ་མགྱོགས་སུ་བཏང་བ། /enpproperty-->