分享按钮

ཆུ་ཤུར་རྫོང་གིས་རྫོང་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།

(པར་ངོས་དང་པོར་མཐུད)ལྷག་པར་དུ་གནམ་ཤང་ལྗང་གྲོང་ཚོའི་གཞི་རིམ་བཅོས་སྐྱོང་གི“1334”དཔེ་མཚོན་ཉམས་མྱོང་ཆགས་ནས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་མངོན་ཡོད། ཕྱིས་འབྱུང་ཆུ་ཤུར་རྫོང་གིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དེ་གོ་སྐབས་སུ་བརྩིས་ནས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་དང་། དོན་དངོས་ལ་གཞི་ཚུགས་པ། དམིགས་ཚད་བཟུང་བ། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ།བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྫོང་ཁོངས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་།བདེ་སྣང་བཅས་ཆེ་རུ་གཏོང་རྒྱུ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་འཕྲིན་ལས་དར་རྒྱས་ཀྱིས་ཆུ་ཤུར་རྫོང་གིས་བསམ་བློ་དང་བྱ་སྤྱོད་གྲོང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། རྫོང་ཡོངས་ཀྱི་གོང་འོག་ཚང་མར་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློ་གཅིག་གྱུར་ཡོང་བར་སྣེ་ཁྲིད་བྱེད་པ་དང་། རྩ་འཛུགས་ཀྱི་སྣེ་ཁྲིད་བྱེད་པ་དང་། དྲ་མིག་ལེགས་སུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ། གྲངས་གཞི་བཀོལ་སྤྱོད་བྱེད་པ། མཉམ་འགོག་མཉམ་བཅོས་སོགས་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྫོང་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ནུས་པ་དང་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-09 6 6 拉萨日报藏文 c178959.html 1 ཆུ་ཤུར་རྫོང་གིས་རྫོང་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ། /enpproperty-->