分享按钮

གྲོང་ཁྱེར་དོ་དམ་ཅུས་ཀྱིས་མེ་ཟོན་ཚན་པ་དང་མཉམ་དུ་སྤྱི་སྤྱོད་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གྲོང་ཁུལ་གྱི་སྤྱི་སྤྱོད་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་འབྲེལ་ཡོད་ཁེ་ལས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། གྲོང་ཁྱེར་དོ་དམ་ཅུས་ཀྱིས་ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་། སྟོད་ལུང་བདེ་ཆེན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཁག དེ་བཞིན་ཁོངས་གཏོགས་གྲོང་ཁྱེར་དོ་དམ་ཚན་པ་བཅས་དང་མཉམ་དུ་ཤུན་ཁྲེ་དང་། མ་ཧྲང་ཏའོ། ཆིང་ཅུས་བཅས་ཀྱི་སྤྱི་སྤྱོད་རྐང་འཁོར་གྱི་གཅིག་སྡུད་གློག་གསོག་ཁུལ་དང་གཅིག་སྡུད་ཉམས་གསོ་ཁུལ་དུ་མེ་ཟོན་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།

ཐེངས་འདིའི་ཆེད་དོན་ཞིབ་བཤེར་ནང་།

མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་ཁེ་ལས་གསུམ་གྱི་གཅིག་སྡུད་གློག་གསོག་ས་ཚིགས་ཀྱི་གློག་གསོག་སྒྲིག་ཆས་དང་གློག་སྐུད། མེ་ཟོན་སྒྲིག་ཆས། འཕྲལ་སྡོམ་གློག་སྒྲོན། ཁ་འགྲེམས་བགྲོད་ལམ། ལས་རེས་ཁུལ་སོཊ་ལ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད།ཤུན་ཁྲེ་སྤྱི་སྤྱོད་རྐང་འཁོར་གཅིག་སྡུད་གློག་གསོག་ཁུལ་དུ་ལམ་ཐིག་གི་ཕྱི་རོལ་དུ་དོན་པ་དང་། བསྒར་ཁུང་ཚད་གཞི་དང་མི་མཐུན་པ། མེ་ཟོན་ཡོ་ཆས་ལ་ཞིབ་བཤེར་བྱས་པའི་ཐོ་འགོད་རེའུ་མིག་མེད་པ། དུ་ཚོར་ཉེན་བརྡའི་ཡོ་བྱད་རྒྱུན་གཏན་བཞིན་ལས་ཀ་བྱེད་མི་ཐུབ་པ། གློག་གསོག་ཁུལ་དང་གློག་རྫས་གསོག་འཇོག་ཁུལ་དུ་མེ་ཟོན་གྱང་ལོགས་སུ་བཟོས་མེད་པ་བཅས་ཤེས་རྟོགས་བྱུང་བ་དང་། མ་ཧྲང་ཏའོ་སྤྱི་སྤྱོད་རྐང་འཁོར་གཅིག་སྡུད་གློག་གསོག་ཁུལ་དུ་སྐྱོད་སྐབས་ལས་བཟོ་བས་མེ་གསོད་ཡོ་བྱད་བཀོལ་སྤྱོད་བྱེད་མི་ཤེས་པ་དང་། གློག་གསོག་ཁུལ་གྱི་ཚ་དྲོད་ཕྱིར་འགྲེམས་ཀྱི་ནུས་པ་ཞན་པ། ས་ངོས་ཀྱི་མཚོན་རྟགས་མི་གསལ་བ་བཅས་ཤེས་རྟོགས་བྱུང་བ། ཆིང་ཅུས་སྤྱི་སྤྱོད་རྐང་འཁོར་གཅིག་སྡུད་གློག་གསོག་ཁུལ་དུ་གློག་སྒམ་ནང་བདེ་འཇགས་དྲ་བ་ལོགས་སུ་བཙུགས་མེད་པ་དང་། རྡུལ་འགོག་ངོ་ཁེབས་ཀྱི་དུས་ཚོད་ཡོལ་བ། མེ་ཟོན་སྒྲིག་ཆས་ཁག་གཅིག་དུས་ཐོག་ཏུ་ཉམས་གསོ་བྱས་མེད་པ་བཅས་ཤེས་རྟོགས་བྱུང་ཡོད། བོད་ལྗོངས་ཁྲེ་ཕུང་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་ཅིང་ལི་ཀའོ་ཡུས་དབྱང་གིས་ཐེངས་འདིའི་ཞིབ་བཤེར་བརྒྱུད། ང་ཚོས་མེ་ཟོན་ཐད་ལྷག་པའི་གནད་དོན་ཤེས་བྱུང་བས།ཕྱིས་འབྱུང་གི་ལས་ཀའི་ཁྲོད་ང་ཚོས་དེ་རིང་ཞིབ་བཤེར་ཐུབ་པའི་གནད་དོན་ལ་དམིགས་ནས་འཕྲལ་དུ་བཅོས་སྒྲིག་བྱས་ཏེ།བདེ་འཇགས་ལ་གནོད་པའི་རྐྱེན་ངན་བཅོས་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་བདེ་འཇགས་དོ་དམ་ལས་དོན་དོན་འཁྱོལ་བར་བྱ་རྒྱུ་ཡིན་ཞེས་བཤད།

ཞིབ་བཤེར་བྱེད་རིང་ལྷག་པའི་གནད་དོན་ལ་དམིགས་ནས་ཞིབ་བཤེར་ཚོགས་ཆུང་གིས་ཁེ་ལས་ཀྱི་འགན་འཁུར་བར་འཕྲལ་དུ་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བར་མ་ཟད།དག་ཐེར་གྱི་བླང་བྱའང་བཏོན་ནས་བཅོས་སྒྲིག་གི་དུས་ཡུན་ཉིན་15གཏན་འཁེལ་བྱས་པ་རེད། ཁེ་ལས་ལ་འགན་འཁྲི་ཁག་བགོས་ཁ་གསལ་ཡོང་བར་བྱས་ནས་བདེ་འཇགས་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་།མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ།གློག་གསོག་ཁུལ་དུ་ཉིན་མཚན་ཀུན་ཏུ་ཆེད་མི་བཀོད་སྒྲིག་བྱེད་དགོས་པ། རྒྱུན་གཏན་གྱི་མེ་ཟོན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་བཟོའི་མེ་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

གྲོང་ཁྱེར་དོ་དམ་ཅུས་ཀྱི་གྲོང་ཁྱེར་རྣམ་པའི་དོ་དམ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ལི་ལིན་ཧུའེ་ཡིས་ཕྱིས་འབྱུང་།གྲོང་ཁྱེར་དོ་དམ་ཅུས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་སྤྱི་སྤྱོད་རྐང་འཁོར་གྱི་བདེ་འཇགས་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྤྱི་སྤྱོད་རྐང་འཁོར་གློག་གསོག་ཁུལ་དང་སྤྱི་སྤྱོད་རྐང་འཁོར་འཇོག་ཁུལ་དུ་ལྟ་སྐུལ་དོ་དམ་དང་སྐོར་ཞིབ་བྱ་རྒྱུ་དང་།འབྱུང་རྩ་ནས་བཅོས་སྒྲིག་བྱས་ཏེ་གྲོང་ཁྱེར་བདེ་འཇགས་ཀྱི་དཀའ་གནད་དང་བདེ་འཇགས་ལ་གནོད་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ནས་གྲོང་ཁྱེར་བདེ་འཇགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-09 6 6 拉萨日报藏文 c178956.html 1 གྲོང་ཁྱེར་དོ་དམ་ཅུས་ཀྱིས་མེ་ཟོན་ཚན་པ་དང་མཉམ་དུ་སྤྱི་སྤྱོད་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་པ། /enpproperty-->