ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱི་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་བཟོ་ཚོང་དངུལ་ཁང་ལྷ་ས་གྲོང་ཁྱེར་གྲོང་ཤར་ཉིང་ལག་དངུལ་ཁང་གི་ཏང་འཛུགས་སྐྱོང་གི་མནའ་འབྲེལ་ཚན་པ་གཉིས་དང་མཉམ་འབྲེལ་བྱས་ནས། གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱི་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ས་ཚིགས་ཏེ“དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང”དུ“ལག་གདང་སྦྲེལ་ནས་བྱམས་བརྩེའི་དྲོ་སྐྱིད་སྦྱིན”ཞེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། བྱེད་སྒོའི་ནང་ཞུགས་མཁན་ཏང་ཡོན་གྱི་འཐུས་མིས་དང་ཐོག་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ནུས་ལྡན་ཁང་པ་ཁག་ལ་ལྟ་སྐོར་བྱས་ནས་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ས་ཚིགས་ཀྱི་རྒྱུན་གཏན་ལས་དོན་སྤེལ་ཚུལ་ཤེས་རྟོགས་བྱས་པ་དང་། དེ་རྗེས“དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང”དུ་ཞབས་འདེགས་ཞུ་ཡུལ་དང་གླེང་མོལ་བྱས་ནས་ཞབས་འདེགས་ཞུ་ཡུལ་གྱི་གཟུགས་པོ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་ཤིང་། ཞབས་འདེགས་ཞུ་ཡུལ་ལ་འཚམས་འདྲིའི་ཅ་དངོས་སྤྲད་དེ་བདེ་ཐང་སླར་གསོའི་སྦྱོང་བརྡར་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་ལྕག་བྱས་པ་དང་། སྤྱི་ཚོགས་དང་གང་མགྱོགས་མཉམ་འདྲེས་ཐུབ་པར་བྱེད་པའི་ཁོང་ཚོའི་འཚོ་བའི་ཡིད་ཆེས་བརྟན་དུ་བཏང་བ་རེད།
ད་ཐེངས་ཀྱི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་བརྒྱུད། མཉམ་འཛུགས་མཉམ་སྐྲུན་གྱི་སྟོབས་ཤུགས་གང་ལེགས་སྤྱད་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཉམ་སྐྲུན་ཆ་སྒྲིག་གི་རྨང་གཞི་བཏིང་བ་དང་དུས་མཚུངས། ཏང་སེམས་དང་དམངས་སེམས་སྔར་བས་གཅིག་ཏུ་འགྲིལ་ཡོད། ཕྱིས་འབྱུང་། གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱི་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། མཉམ་སྐྲུན་མཉམ་སྤྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་གི་མཉམ་སྐྲུན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྐྱིད་སྣང་དོད་དུ་གཏོང་རྒྱུ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社