分享按钮

(པར་ངོས་དང་པོར་མཐུད)ཏང་ཡོན་དང་ལས་བྱེད་པ་ཁག་གཅིག་གི་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་སྣང་ཆེན་མི་བྱེད་པ་དང་། རྒྱུས་མངའ་མི་བྱེད་པ། ཤེས་རྟོགས་མི་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ། ཏང་ཡོན་སྤྱི་དང་ཡང་སྒོས་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་ཀྱིས《སྲོལ་ཡིག》ནན་ཏན་ངང་སློབ་སྦྱོང་བྱས་ནས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་ནན་སྲུང་བཅས་བྱེད་ཐུབ་པ་དང་། ཏང་གི་སྒྲིག་ཁྲིམས་སྒྲིག་སྲོལ་གང་ཡིན་པ་གསལ་པོ་ཤེས་པ་བྱེད་པ། གང་ཞིག་བྱེད་རུང་བ་དང་གང་ཞིག་བྱེད་མི་རུང་བ་གསལ་པོ་རྟོགས་པ་བྱེད་པ། སྒྲིག་སྲོལ་དང་སྒྲིག་ཁྲིམས་སྲུང་རྒྱུ་ནང་སེམས་ལ་བརྟན་པོར་ཟུག་པ་དང་ཕྱིའི་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་ངོས་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་འགོག་ནུས་པ་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁྲི་ཐེག་འཁུར་བཅས་བྱེད་ཐུབ་པ་བྱེད་དགོས།

《བརྡ་ཐོའི》ནང་ནན་བཤད་བྱས་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ནམ་རྒྱུན་ནས་དམ་འཛིན་བྱེད་པར་སྣང་ཆེན་བྱེད་དགོས་ཤིང་། ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་། སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་ཟུང་དུ་འབྲེལ་བ་མཐའ་འཁྱོངས། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་དམ་པོར་དམིགས་ཏེ་བགྲོ་གླེང་བཅས་བྱས་ནས《སྲོལ་ཡིག》སེམས་ལ་ཟུག་པར་སྐུལ་འདེད་གཏོང་དགོས། ཉེན་བརྡ་གཏོང་བའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྒྲིག་འགལ་གྱི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཉེ་འགྲམ་དུ་ཐོན་པའི་གནས་ཚུལ་དཔེ་རུ་དྲངས་ནས་ཉེ་འཁོར་གྱི་མིར་སློབ་གསོ་གཏོང་བར་དོ་སྣང་བཅས་བྱས་ནས། ཏང་ཡོན་དང་ལས་བྱེད་པར་ཉེན་ཟོན་དྲན་སྐུལ་ཐུབ་པ་དང་། མཐའ་ཚད་རྟོགས་པ། འཇིགས་བཀུར་ཤེས་པ་བཅས་བྱེད་དགོས། གསལ་འགྲེལ་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས《སྲོལ་ཡིག》ལ་གོ་བ་གཏིང་ཟབ་ལེན་པ་དང་བེད་སྤྱོད་གཏིང་ཟབ་ཡོང་བ་བྱེད་དགོས། 2024ལོའི་ལོ་འཁོར་གྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་གི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་འཚོ་བའི་ཚོགས་འདུའི་ཐོག《སྲོལ་ཡིག》སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དེ་ལྟ་བསྡུར་ཞིབ་བཤེར་གྱི་ནང་དོན་གལ་ཆེན་དུ་བརྩི་དགོས།

《བརྡ་ཐོའི》ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིབ་མོའི་བློ་ཡིས་སྒྲིག་འཛུགས་ལག་བསྟར་བྱས་ཏེ། དོན་འཁྱོལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཐ་མལ་གསག་བསྟོད་དང་ཆེ་བསྟོད་ལོག་དམོད་ཀྱི་སྣང་ཚུལ་ཐོན་པར་བཀག་འགོག་བྱེད་དགོས། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-09 6 6 拉萨日报藏文 c178954.html 1 /enpproperty-->