ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལག་བརྒྱུད་རླངས་འཁོར་གྱི་འཁོར་རྒྱུག་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་བརྒྱུད་རླངས་འཁོར་གྱི་འཁོར་རྒྱུག་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ། ལག་བརྒྱུད་རླངས་འཁོར་གྱི་འཁོར་རྒྱུག་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱ་ཆེད། གྲོང་ཁྱེར་ཚོང་དོན་ཅུས་དང་། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་ཁྲལ་དོན་ཅུས་བཅས་སྡེ་ཚན་བཞིས་མཉམ་དུ《ལག་བརྒྱུད་རླངས་འཁོར་གྱི་འཁོར་རྒྱུག་ལས་རིགས་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ཏེ་དངོས་སུ་འགྲེམས་སྤེལ་དང་ལག་བསྟར་བྱེད་འགོ་བརྩམས་པ་རེད།
ལག་བརྒྱུད་རླངས་འཁོར་གྱི་འཁོར་རྒྱུག་ནི་རླངས་འཁོར་ཁྲོམ་རའི་མ་ལག་ཁྲོད་ཀྱི་གཙོ་བོའི་གྲས་ཤིག་ཡིན་ལ། འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། རང་གྲོང་གི་ལག་བརྒྱུད་རླངས་འཁོར་གྱི་ལས་རིགས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་། ཚོང་རའི་གཞི་ཁྱོན་མུ་མཐུད་ཆེ་རུ་སོང་བས། ནང་ཁུལ་གྱི་དགོས་མཁོར་སྐུལ་ཁྲིད་བྱེད་པ་དང་། དཔལ་འབྱོར་འཕར་རྒྱུར་སྐུལ་སྤེལ་གཏོང་བ་སོགས་ཀྱི་ཐད་འགག་རྩའི་ནུས་པ་ཐོན་ཡོད། འོན་ཀྱང་འབྲེལ་ཡོད་ལས་རིགས་དོ་དམ་གྱི་ཚད་གཞི་མི་འདང་བའི་དབང་གིས་ལག་བརྒྱུད་རླངས་འཁོར་གྱི་ཁྲོམ་རར་ཟང་ཟིང་གི་སྣང་ཚུལ་ཡང་ཡང་ཐོན་ནས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་ཕོག་པར་མ་ཟད། དྲང་གཞག་གིས་འགྲན་རྩོད་བྱེད་པའི་ཁྲོམ་རའི་སྒྲིག་ལམ་ཡང་དཀྲུགས་ཡོད།
《བརྡ་ཐོའི》ནང་། གྲོང་ཁྱེར་ཡོངས་ཀྱི་ལག་བརྒྱུད་རླངས་འཁོར་གྱི་ཉོ་ཚོང་ཁྲོམ་ར་དང་། ལག་བརྒྱུད་རླངས་འཁོར་གྱི་བརྒྱུད་འཚོང་ཁེ་ལས། གཉེར་སྐྱོང་ཁེ་ལས། ཧབ་ཚོང་ཁེ་ལས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社