分享按钮

ཆུ་ཤུར་རྫོང་གིས་རྫོང་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།

ཟླ་3ཚེས་29ཉིན། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག“དམིགས་ཚད་ཆེན་པོ་གསུམ”དང་།“ཅན་བཞིའི་མཉམ་འདྲེས” “འདུ་འགོད་ལྔ”བཅས་ལ་དམིགས་ཏེ། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ནས་དམིགས་ཚད་ཀྱི་བསམ་ཕྱོགས་སྔར་བས་གསལ་དུ་བཏང་བ་དང་། བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ཏེ། གཞི་རིམ་བཅོས་སྐྱོང་གི་ལྷ་སའི་ལེའུ་གསར་པ་ཧུར་ཐག་བརྩམས་པས་ཆུ་ཤུར་རྫོང་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།

ཚོགས་འདུའི་ཐོག་གཞི་རིམ་ནི་ལས་ཀ་ཡོད་ཚད་ཀྱི་དོན་ལ་བབས་ས་ཡིན་པ་བསྟན་པར་མ་ཟད། དམག་འཐབ་མཁར་རྫོང་དང་། དྲ་མིག་ཅན་བཅོས་སྐྱོང་། ཞབས་ཞུའི་དོ་དམ། ཚན་རྩལ་བཀོལ་སྤྱོད། མཉམ་འགོག་མཉམ་བཅོས་ཀྱི་ཕན་ནུས་ཆེར་གཏོང་བཅས་ཀྱི་འདུ་འགོད་ལག་ལེན་བསྟར་བའི་བཀའ་རྒྱ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལས་དོན་ལ“ལམ་རིས་གསལ་པོ”ཞིག་འཆར་འགོད་བྱས་ཡོད།

ཆུ་ཤུར་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚོགས་འདུའི་བཀོད་སྒྲིག་ལྟར་དངོས་ཐོག་བདེན་འཚོལ་དང་། གསར་འབྱེད་གསར་གཏོད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་གཞི་རིམ་གྱི་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དེ་ཆུ་ཤུར་རྫོང་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་ཐོན་རྒྱུའི་འགན་ལེན་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ཐང་ཀོན་ཀྲུང་གིས་ཆུ་ཤུར་རྫོང་གིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་དང་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གོ་བ་ནན་ཏན་ལེན་པ་དང་། ཞིབ་འཇུག་གཏིང་ཟབ་བྱེད་པ།བྱ་ཐབས་ཞིབ་ཕྲ་བཟོ་བ།དོན་འཁྱོལ་དམ་འཛིན་ཤུགས་ཆེན་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ལས་དོན་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། དུས་བདེའི་གྲོང་གསེབ་ཀྱི“འགན་ལེན་ཁུལ”དང་། རྒན་གསོ་དང་ཆུང་སྐྱོང་གི“བདེ་སྐྱིད་ཁུལ” རིག་ལྡན་འཚོ་བའི“སྟབས་བདེའི་ཁུལ” དཔེ་སྟོན་སྣེ་ཁྲིད་ཀྱི“ཤེས་ལྡན་མི་སྣའི་ཁུལ” སྣ་མང་མཉམ་འདྲེས་ཀྱི“བཅོས་སྐྱོང་ཁུལ”བཅས་བཏོད་ནས་རང་གྲོང་འདི་ཉིད་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་ཆེད་ཆུ་ཤུར་གྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་གིས་གྲངས་གཞི་ཅན་སྣེ་ཁྲིད་དུ་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱེད་པ། རིག་ལྡན་བཅོས་སྐྱོང་ཐབས་ལམ་དུ་བྱེད་པ་བཅས་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི“བཅོས་སྐྱོང་ལྔ་མཉམ་འདྲེས”ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་སྣེ་ཁྲིད་པའི“ཆུ་ཤུར་གྱི་ཏང་འཛུཊ་ལས་འགུལ”སྤུས་རྟགས་སྐྱེད་སྲིང་བྱས་ཤིང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-09 6 6 拉萨日报藏文 c178950.html 1 ཆུ་ཤུར་རྫོང་གིས་རྫོང་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ། /enpproperty-->