ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དཔྱིད་དུས་སུ་ཆུ་བེད་ལས་དོན་སྤེལ་སྒང་ཡིན་པ་དང་། ཆུ་བེད་རྣམ་གྲངས་འཛུགས་སྐྲུན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩ་ཞིག་ཡིན་ཞིང་། འདི་ནི་དམངས་འཚོ་ལེགས་གཏོང་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད། ཉིན་ཤས་གོང་ཁྱོན་མ་དངུལ་སྒོར་ཁྲི་2838.81བཏང་བའི་ལྷུན་གྲུབ་རྫོང་གསུམ་འཕྲེང་གཙང་པོའི་གསུམ་འཕྲེང་ཟམ་པའི་སྟོད་རྒྱུད་ཀྱི་འབྲུབ་འགོག་ལས་གཞི་དེ་དཔྱིད་དུས་སུ་ཨར་ལས་བྱེད་པའི་འགག་རྩའི་དུས་སུ་སླེབས་ཤིང་། ཁྱོན་ཡོངས་ནས་རྣམ་གྲངས་འཛུགས་སྐྲུན་སྤེལ་མགྱོགས་སུ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་ཆུ་བེད་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་བཀྲག་མདངས་གསར་པ་བསྣན་ཡོད།
ཉེ་ཆར་ལྷུན་གྲུབ་རྫོང་གསུམ་འཕྲེང་གཙང་པོའི་གསུམ་འཕྲེང་ཟམ་པའི་སྟོད་རྒྱུད་ཀྱི་འབྲུབ་འགོག་ལས་གཞིའི་འཛུགས་སྐྲུན་བྱ་ཡུལ་དུ་གསར་འགོད་པས་རྐོ་འདྲུའི་འཕྲུལ་འཁོར་གྱིས་ལས་ཀ་བྱེད་པ་དང་། ལས་བཟོ་བ་ཚོས་ངར་ལྕགས་རྒྱུ་ཆ་ལས་སྣོན་དང་ཚ་ལ་རྒྱག་པ་སོགས་ཀྱི་ལས་དོན་ལ་བྲེལ་ནས་དཔྱིད་ཀྱི་དཔལ་ཡོན་ཤར་བ་དང་བསྟུན་ལས་འགོ་བསྐྱར་ཚུགས་ཀྱི་ངལ་རྩོལ་རྣམ་པ་ཞིག་མངོན་བཞིན་ཡོད་པ་མཐོང་ཡོད། ལྷུན་གྲུབ་རྫོང་ཆུ་བེད་ཅུས་ཀྱི་མཐོ་རིམ་བཟོ་བཀོད་པ་དཔལ་འབྱོར་གྱིས་རྣམ་གྲངས་དེ་ཟླ་3ཚེས་7ཉིན་དངོས་སུ་སྐྲུན་འགོ་ཚུགས་ཤིང་། མིག་སྔའི་བར་སྤྱི་ལེ་2ཙམ་གྱི་རྨང་གཞིའི་སྔོག་འདོན་ལས་དོན་ལེགས་གྲུབ་བྱུང་བར་མ་ཟད། ད་དུང་ལྕགས་རྩིབ་ལ་ཚ་ལ་རྒྱག་པའི་ལས་རིམ་ཡང་སྒྲུབ་བཞིན་ཡོད་པས། ཆུ་མ་རྒྱས་གོང་གི་རྨང་གཞིའི་ཆུ་འོག་ལས་དོན་ལེགས་འགྲུབ་བྱ་རྩིས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
རྣམ་གྲངས་དེ་གནས་སའི་ཆུ་བོ་ནི་དཔལ་ཆུ་གཙང་པོ་ཡིན་པ་དང་། དེའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་196དང་། གཙང་པོའི་རིང་ཚད་ལ་སྤྱི་ལེ་26ཡོད། མིག་སྔར་གཙང་པོའི་རིང་ཚད་སྤྱི་ལེ་2.3605བཅོས་སྐྱོང་བྱས་ཟིན་པ་དང་། ད་དུང་གཙང་པོའི་རིང་ཚད་སྤྱི་ལེ་19ཙམ་བཅོས་སྐྱོང་བྱེད་དགོས་ཀྱི་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社