分享按钮

རང་གྲོང་གི་ཁེ་ལས་15ལྷ་སའི་ཚོང་རྟགས་རྙིང་ཁུངས་སུ་གཏན་འཁེལ་བྱས་པ།

(པར་ངོས་དང་པོར་མཐུད)རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སོགས་སུ་གྱུར་ཡོད་པ་རེད། དགེ་ཕྲུག་མང་ཆེ་བ་སློབ་གྲྭ་ཐོན་རྗེས་ལྷ་སའམ་ཡང་ན་ཕ་ཡུལ་དུ་ཐང་ག་བཞེངས་ཁང་དང་ལྡེབས་རིས་བར་ཁྱམས་བཙུགས་ནས་ཞིང་འབྲོག་པའི་བུ་ཕྲུག་ལ་ལས་གཏོད་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པར་མ་ཟད། མི་སྒེར་གྱི་ལས་དབང་ལའང་འགྱུར་ལྡོག་བྱུང་ནས་ཐང་གའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད་པ་རེད།

བོད་ལྗོངས་བསྟན་པ་རབ་བསྟན་ཐང་གའི་སྒྱུ་རྩལ་སློབ་གྲྭའི་ལག་བསྟར་སློབ་སྤྱི་པད་མ་བསམ་གཏན་གྱིས་འདི་ལོ་ང་ཚོར་ལྷ་སའི་ཚོང་རྟགས་རྙིང་ཁུངས་ཀྱི་མཚན་སྙན་ཐོབ་ཡོད་པས་སླད་ཕྱིན་དེ་བས་མང་བ་དང་དེ་བས་ཕུལ་བྱུང་གི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་གཞོལ་རྒྱུ་ཡིན་ཞེས་བཤད།

1987ལོར་བོད་ལྗོངས་ལྷ་སའི་སྦི་རག་ཚད་ཡོད་ཀུང་སིའི་བཟོ་གྲྭ་བཙུགས་པ་དང་།1989ལོར་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ཤིང་། ལོ་30ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད་ལྷ་སའི་སྦི་རག་གི་ཐོན་རྫས་ལ་རྒྱ་ཆེའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཡག་ཐོག་ཡག་བརྩེགས་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ནི་ཀུང་སི་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ལྷ་སའི་ཚོང་རྟགས་རྙིང་ཁུངས་ནང་བདམས་རྗེས་ཀུང་སིར་འཛམ་གླིང་ཡང་རྩེའི་སྤུས་ཚད་ལེགས་པའི་བསྙལ་བཟོ་ཕྱིར་གཏོང་བྱེད་པའི་འགན་འཁྲི་ཡོད་པར་མ་ཟད། བོད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་རང་བྱུང་བྲོ་བ་ཕྱིར་གཏོང་བྱས་ནས་རྒྱ་ཆེའི་འཛད་སྤྱོད་པར་སྔར་བས་དྭངས་ཤིང་གཙང་བའི་སྦི་རག་སོས་པ་མུ་མཐུད་བཟོ་བའི་འགན་འཁྲི་ཡང་ཡོད་པ་རེད།

བོད་ལྗོངས་ལྷ་སའི་སྦི་རག་ཚད་ཡོད་ཀུང་སིའི་ཚོང་གཉེར་པུའི་ཅིང་ལི་བསྟན་འཛིན་གྱིས་ང་ཚོས་ཚོང་རྟགས་རྙིང་ཁུངས་ཀྱི་མཚན་སྙན་ལས་སླ་པོར་ཐོབ་པ་ཞིག་མིན་པ་གསལ་པོ་ཤེས་ཀྱི་ཡོད།མ་འོངས་པར་ང་ཚོས་ལོ་བརྒྱའི་ཁེ་ལས་དོན་གཉེར་བྱ་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཁེ་ལས་ཚོང་རྟགས་རྙིང་ཁུངས་ལ་བདམས་པ་དེ་ནི་འདས་ཟིན་པའི་ལས་དོན་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། འབྱུང་འགྱུར་ལ་སྲུང་སྐྱོང་དང་རེ་སྒུག་བྱེད་པ་ཞིག་ཀྱང་རེད།ཚོང་རྟགས་རྙིང་ཁུངས་ཀྱི་ཁེ་ལས་འཕེལ་རྒྱས་ཀྱིས་ཁྲོམ་ར་དར་རྒྱས་དང་འཛད་སྤྱོད་སྐུལ་ཁྲིད་ཁྲོད་ཚབ་བྱེད་ཐབས་བྲལ་བའི་དམིགས་བསལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད།

གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཁྲོམ་རའི་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ལི་ནའེ་ཤོན་གྱིས་སླད་ཕྱིན་ང་ཚོས་ཚོང་རྟགས་རྙིང་ཁུངས་སོགས་རང་རྒྱལ་གྱི་སྤུས་རྟགས་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཚོང་རྟགས་རྙིང་ཁུངས་ཀྱི་སྤུས་རྟགས་གཏོད་པ་དང་།སྤུས་ལེགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། མཁོ་སྤྲོད་གསར་པ་གཏོད་པ། སྤུས་རྟགས་འཛད་སྤྱོད་ལ་སྐུལ་འདེད་སྔར་བས་ཡག་པོ་གཏོང་བ།ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ཟམ་མི་ཆད་པར་འདོན་པ། མཁོ་སྤྲོད་གསར་པ་ཆགས་པ། འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་འཕེལ་བ་བཅས་བྱས་ནས་དཔལ་འབྱོར་སླར་གསོ་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-08 6 6 拉萨日报藏文 c178943.html 1 རང་གྲོང་གི་ཁེ་ལས་15ལྷ་སའི་ཚོང་རྟགས་རྙིང་ཁུངས་སུ་གཏན་འཁེལ་བྱས་པ། /enpproperty-->