分享按钮

(པར་ངོས་དང་པོར་མཐུད)གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་གཙོ་གནད་ལས་འགན་མཉམ་འདྲེས་ངང་དོན་འཁྱོལ་དང་། རང་གིས་རང་ལ་གནོན་ཤུགས་སྤྲད་དེ་ཕན་འབྲས་ཐོན་པར་བྱས་ནས་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་ཁག་སྟོད་ལུང་བདེ་ཆེན་ཆུས་སུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་གནས་ཆུང་སྡེ་ཁུལ་གྱི་རང་ངོས་ལྔ་སོགས་ཀྱི་ལས་ཀའི་བྱེད་ཐབས་དང་། སྡེ་ཁུལ་གྱི་eས་ཚིགས་སོགས་ཀྱི་འཛུགས་སྐྲུན་དང་། རྒན་རྒོན་དང་བྱིས་པའི་ལྟ་སྐྱོང་ལྟེ་གནས། རྒན་རྒོན་གྱི་ཟ་ཁང་སོགས་ཀྱི་སྙིང་ཉེ་བའི་ཞབས་ཞུ་ཁྱབ་གདལ་ཧུར་ཐག་བཏང་ནས་སྟོད་ཀྱི་གྲོང་རྡལ་གསུམ་གཙོ་བོར་བྱས་པའི་གྲོང་ཚོ་རིམ་པའི་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་དང་འཐུས་ཚང་དུ་བཏང་བ་དང་། དུས་འགོའི་དྲ་མིག་ཅན་གྱི་དྲ་རྒྱ་347བཙུགས་པའི་རྨང་གཞིའི་ཐོག་དྲ་མིག་ཅན་གྱི་སྟོབས་ཤུགས་དང་།དྲ་མིག་ཅན་གྱི་འགན་འཁྲི། དྲ་མིག་ཅན་གྱི་ཞབས་ཞུ་བཅས་སྔར་བས་ལེགས་སུ་བཏང་སྟེ། བཅོས་སྐྱོང་གི་གཙོ་གནད་གཤམ་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་བཅོས་སྐྱོང་ལས་ཀའི་ཕན་འབྲས་ཆེ་རུ་བཏང་ཡོད། ད་ཐེངས་ཀྱི་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེར་གཏོང་གི་བྱ་སྤྱོད་དེ་གོ་སྐབས་སུ་བྱས་ནས།ཕྱིས་འབྱུང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བཀོད་སྒྲིག་གནང་བའི་ལས་གཞི་ཆེན་པོ་ལྔར་དམ་པོར་དམིགས་ཏེ། ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། གནད་དོན་ལ་ཕྱོགས་པ་དང་། གནད་དོན་ལ་དམིགས་ནས་སྒྲུབ་པ། གནད་དོན་ལ་དམིགས་ནས་བཅོས་སྒྲིག་བཅས་བྱས་ཏེ། གནད་དོན་རྒྱུན་ཆད་མེད་པར་ཤེས་རྟོགས་དང་། གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པ་བཅས་ཀྱི་བརྒྱུད་རིམ་ནང་ཞན་ཆ་གསབ་རྒྱུ་དང་། སྐྱོན་ཆ་སེལ་རྒྱུ། ཞན་ཆ་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། དཀའ་སྤྱད་དངོས་སྒྲུབ་དང་སྒྲུབ་མཁས་པའི་སྙིང་སྟོབས་ལ་བརྟེན་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དེ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་ཕུར་བུ་གོ་ཆིང་གིས་ང་ཚོས་ཕྱོགས་གསུམ་གྱི་ཐད་ནས་ཤུགས་བརྒྱབ་སྟེ། ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན། གཅིག་ནས་ལངས་ཕྱོགས་མཐོན་པོའི་སྒོ་ནས་ཇུས་འགོད་བྱ་རྒྱུ། དེ་ཡང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དེ་འགོ་ཁྲིད་གཙོ་བོའི་འདུ་འགོད་དུ་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཇུས་གཞི་ཞིབ་ཚགས་བཟོ་བ། ལས་འགན་ཁ་གསལ་བཟོ་བ་བཅས་བྱས་ཏེ། ཐབས་ཇུས་བཀོད་སྒྲིག་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུ། གཉིས་ནས་ཚད་གཞི་མཐོ་བའི་ངང་སྐུལ་འདེད་གཏོང་རྒྱུ། དེ་ཡང་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲི་ཁག་ལྔ་ཕྱོགས་ཡོངས་ནས་སྟོབས་ཆེར་གཏོང་བ། རྨང་གཞི་བརྟན་གཏོང་མཐའ་འཁྱོངས་བྱས་ནས་དྲ་མིག་ཅན་གྱི་བཅོས་སྐྱོང་གི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ།མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་ཞབས་ཞུ་དང་དོ་དམ་གྱི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཚན་རྩལ་གྱི་ནུས་པ་སྤྲོད་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རྩལ་བཀོལ་སྤྱོད་ཀྱི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། གསུམ་ནས་སྤུས་ཚད་མཐོ་བའི་དོན་འཁྱོལ་བྱེད་དགོས།གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དང་མིག་སྔའི་ལས་དོན་ཁག་གི་ལེགས་ཆ་གསབ་རེས་དང་ཕན་ཚུན་སྐུལ་འདེད་ཧུར་ཐག་བཏང་སྟེ། ཁྱད་ཆོས་ལྡན་པ་དང་དཔྱད་གཞིར་འཛིན་ཆོག་པའི་གཞི་རིམ་བཅོས་སྐྱོང་གི་སྤུས་རྟགས་ཁག་ཅིག་གཏོད་དེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཞི་རིམ་བཅོས་སྐྱོང་གི་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-08 6 6 拉萨日报藏文 c178942.html 1 /enpproperty-->