分享按钮

2024ལོའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་མིང་ཐོ་འགོད་པའི་ལས་དོན་སྤེལ་འགོ་ཚུཊ་པ།

2024ལོའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་མིང་ཐོ་འགོད་པའི་ལས་དོན་སྤེལ་འགོ་ཚུཊ་པ།

(པར་ངོས་དང་པོར་མཐུད)མིང་ཐོ་འགོད་པའི་ཆ་རྐྱེན་ཞིབ་ཕྲ་བོད་རང་སྐྱོང་ལྗོངས་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་ཡིག་རྒྱུགས་ཆ་འཕྲིན་དོ་དམ་མ་ལག་http://czzs.zsks.edu.xizang·gov.cn:8082ལ་གསལ།རྒྱུགས་སྤྲོད་སློབ་མ་ཚང་མས་དྲ་ཐོག་ནས་ཆ་འཕྲིན་ཐོ་འགོད་དང་དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་གྱི་རྣམ་པའི་ཐོག་ནས་མིང་ཐོ་འགོད་དགོས་ཀྱི་ཡོད།ས་ཁུལ(གྲོང་ཁྱེར)ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་དུས་ཚོད་ལྟར་ཐོ་འགོད་དང་ཞིབ་བཤེར་གཏན་འཁེལ་གྱི་ལས་དོན་སྒྲིག་འཛུགས་ནན་པོ་བྱས་ནས་ལེགས་སྒྲུབ་བྱེད་དགོས་པ་ལས་དུས་ཚོད་ལས་ཡོལ་ཚེ་མིང་ཐོ་འགོད་མི་ཆོག མིང་ཐོ་འགོད་པའི་དཔྱད་ཡིག་ནང་ཐེམ་ཐོ(གཱ)དང་། རབས་གཉིས་པའི་གོ་ཆོད་ཐོབ་ཐང་ལག་ཁྱེར།རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྐྱིད་སྡུག་དོ་དམ་ཆ་འཕྲིན་མ་ལག་ནས་ཐོན་པའི་སློབ་ཆུང་སློབ་མའི་སྐྱིད་སྡུག་ཆ་འཕྲིན་ཡིག་ཚགས(སྐྱིད་སྡུག་རེའུ་མིག་དེ་སློབ་གྲྭ་ཐོན་སྐབས་མིང་རྟགས་བཀོད་དེ་ཁས་ལེན་བྱེད་དགོས་པ་ལས་སློབ་གྲྭའི་སྐྱིད་སྡུག་གི་དཔང་ཡིག་གཞན་བེད་སྤྱོད་གཏོང་མི་ཆོག)དང་།རྒྱུགས་སྤྲོད་སློབ་མ་དང་དེ་བཞིན་ལྟ་སྐྱོང་མི་སྣའི་གློག་རྡུལ་འདྲ་པར(འདྲ་པར་གྱི་རྒྱབ་ལྗོངས་སྔོན་པོ་དང་།JPGཚད་གཞི།ཞེང་བརྙན་240དང་མཐོ་བརྙན་320ཡིན་པ།50KBལས་བརྒལ་མི་ཆོག)བོད་རང་སྐྱོང་ལྗོངས་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་ལྗོངས་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཐོ་འགོད་རེའུ་མིག》(ཐོ་འགོད་རེའུ་མིག་ཅེས་བསྡུ་རྒྱུ)བཅས་ཚུད་ཡོད།

བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭར(སློབ་གྲྭ)ཐོ་འགོད་རེ་ཞུ་བྱེད་མཁན་གྱིས་ངེས་པར་དུ《བོད་རང་སྐྱོང་ལྗོངས་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་ལྗོངས་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཐོ་འགོད་ཀྱི་ཐོབ་ཐང་ཞིབ་བཤེར་རེའུ་མིག》(ཞིབ་བཤེར་རེའུ་མིག་ཅེས་བསྡུ་རྒྱུ)དང་།《བོད་རང་སྐྱོང་ལྗོངས་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་ལྗོངས་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་བསམ་བློ་ཆབ་སྲིད་ཀུན་སྤྱོད་ཞིབ་བཤེར་རེའུ་མིག》(ཆབ་སྲིད་ཞིབ་བཤེར་རེའུ་མིག་ཅེས་བསྡུ་རྒྱུ)དང་ཁས་ལེན་ཡི་གེ་བཅས་འབྲི་དགོས།

རྒྱུགས་ར་གཡར་ནས་ཡིག་རྒྱུགས་ནང་ཞུགས་རྒྱུར་རེ་ཞུ་བྱེ་མཁན་རྒྱུགས་སྤྲོད་སློབ་མས་ངེས་པར་དུ《བོད་རང་སྐྱོང་ལྗོངས་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་ལྗོངས་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཀྱི་རྒྱུགས་ར་གཡར་བའི་རྒྱུགས་སྤྲོད་སློབ་མའི་གནས་ཚུལ་གྱི་ཐོ་འགོད་རེའུ་མིག》(རྒྱུགས་གཡར་རེའུ་མིག་ཅེས་བསྡུ་རྒྱུ)རྒྱོངས་དགོས་པ་དང་།ལྗོངས་ནང་ཁུལ་གྱི་ལོ་འདི་གའི་སློབ་ཆུང་ཐོན་པའི་རྒྱུགས་སྤྲོད་སློབ་མ(ཐེམ་ཐོ་དང་སློབ་གྲྭའི་སྐྱིད་སྡུག་ཚང་མ་བོད་དུ་ཡོད་པ)ཡིན་ཚེ་ས་ཁུལ(གྲོང་ཁྱེར)སློབ་གསོའི་སྲིད་འཛིན་ཚན་པ་དང་རྫོང(ཆུས)སློབ་གསོ་ཅུས་ཀྱིས་སློབ་ཁུངས་ཀྱི་གནས་ཚུལ་ལ་གཞིགས་ཏེ་རིམ་པ་རེ་རེ་བཞིན་རྒྱུགས་སྤྲོད་མིང་ཐོ་འགོད་པའི་སློབ་གྲྭ་དང་འཛིན་གྲྭ་དེ་བཞིན་མིང་ཐོ་འགོད་པའི་ཨང་གྲངས།མིང་ཐོ་འགོད་སའི་སློབ་གྲྭས་གཅིག་གྱུར་ཐོག་མིང་ཐོ་འགོད་པའི་འགྲོ་ལུགས་གཉེར་དགོས།ཕྱི་ནས་ཡོང་བའི་ལོ་འདི་གའི་སློབ་ཆུང་ཐོན་པའི་རྒྱུགས་སྤྲོད་སློབ་མས(ཐེམ་ཐོ་བོད་དུ་ཡོད་ཀྱང་སློབ་གྲྭའི་སྐྱིད་སྡུག་བོད་དུ་མེད་པ)དྲ་ཐོག་ནས་སྔོན་ལ་མིང་ཐོ་འགོད་པའི་བྱ་ཐབས་སྤྱད་དེ་ཐོ་འགོད་བྱེད་དགོས་པ་དང་།ས་ཁུལ(གྲོང་ཁྱེར)སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་འཕྲིན་ཐུང་ཐོག་ནས་ཐོ་འགོད་ཨང་གྲངས་དང་གསང་བའི་ཨང་གྲངས་སྤྲད་རྗེས་གཞི་ནས་དྲ་ཐོག་ནས་ཐོ་འགོད་བྱེད་ཆོག་གི་ཡོད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-08 6 6 拉萨日报藏文 c178941.html 1 2024ལོའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་མིང་ཐོ་འགོད་པའི་ལས་དོན་སྤེལ་འགོ་ཚུཊ་པ། /enpproperty-->