分享按钮

ཞིང་ལས་དང་གྲོང་གསེབ་པུས་དཔྱིད་དུས་ཀྱི་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གྱི་སྤུས་དག་ལམ་ཐིག་དང་མཛེས་ལྗོངས་ཁུལ་ཁྱབ་བསྒྲགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར།ཞིང་ལས་དང་གྲོང་གསེབ་པུས་ཀྲེ་ཅང་ཞིང་ཆེན་ཁྲང་ཤིང་རྫོང་དུ་2024ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་བྱ་སྤྱོད(དཔྱིད་དུས)འོས་སྦྱོར་བྱེད་སྒོ་སྤེལ་བ་དང་།ཡུལ་དངོས་སུ་ཀྲེ་ཅང་ཁྲང་ཤིང་གི་མེ་ཏོག་ལ་མྱོང་རོལ་དང་།ཆིན་ཀྲ་ཇ་འཐུང་བ།མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་མྱོང་རོལ་བྱེད་པའི་ཡུལ་སྐོར།ཧྲའན་ཤིས་ཤིས་ཨན་གྲོང་ཁྱེར་ཁྲང་ཨན་ཆུས་སུ་མེ་ཏོག་ལ་མྱོང་རོལ་གྱི་ཡུལ་སྐོར་སོགས་དཔྱིད་དུས་ཀྱི་སྤུས་རྟགས་ལམ་ཐིག་60དང་དེ་བཞིན་ཅང་ཤིས་ཨན་ཡོན་གྱི་ལེ་དབར་བཅུ་ཡི་ཧྭ་ཤིས་དང་ཧུའུ་པེ་མེ་ཏོག་མུའུ་ལན་ཧྭ་ཡི་ཕ་ཡུལ་སོགས་རྩེར་སོན་མཛེས་ལྗོངས་ཁུལ་185ཡོངས་བསྒྲགས་བྱས་པ་རེད།

དེ་ནི་གསར་འགོད་པས་ཚེས་6ཉིན་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པའི་གནས་ཚུལ་ཞིག་རེད།

ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་བསྟར་དང་།ཁྲི་སྟོང་འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཀྱི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་དང་།དེའི་དམིགས་ཡུལ་ནི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཉམས་འགྱུར་གསར་པ་དང་།ཞིང་ལས་རིག་གནས་ཀྱི་དར་སྲོལ་གསར་པ།སྤྲོ་གསེང་ཞིང་ལས་ཀྱི་འཕེལ་རྒྱས་གསར་པ་བཅས་མངོན་པར་བྱས་ནས་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་སྤྲོ་གསེང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འཕེལ་བ་བྱ་རྒྱུ་དེ་རེད།

བྱེད་སྒོ་དེས་དཔྱིད་ཀྱི་མེ་ཏོག་ལ་མྱོང་རོལ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་ཁྲི་སྟོང་འདུ་འགོད་སྤེལ་ཞེས་པའི་གཙོ་དོན་ལ་དམིགས་ཏེ།མི་རིགས་ཀྱི་རོལ་ཆའི་འཁྲབ་སྟོན་དང་།སྲོལ་རྒྱུན་གྱི་ཇའི་རིག་གནས་འགྲེམས་སྟོན།དམངས་སྲོལ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་སོགས་རྣམ་པ་སྣ་ཚོགས་བརྒྱུད་དཔྱིད་ཀྱི་མེ་ཏོག་ལ་རོལ་མྱོང་དང་། དཔྱིད་ཇའི་བྲོ་བ་མྱོང་བ།དམངས་སྲོལ་སྤྱོད་པ།ཕ་ཡུལ་དྲན་གདུང་བཅས་ཀྱི་གྲོང་གསེབ་ཀྱི་སྤྲོ་གསེང་ཞིང་ལས་ཀྱི་མཛེས་ལྗོངས་ཁུལ་རྩེ་གྲ་ཁག་གཅིག་འོས་སྦྱོར་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བར་མེ་ཏོག་གི་རྒྱ་མཚོར་མྱོང་རོལ་དང་།གྲོང་གསེབ་དང་ཉེ་བཅར་བྱེད་པའི་ཕྱོགས་སྟོན་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་།ཞིང་ལས་དང་གྲོང་གསེབ་པུས་སྤྲོ་གསེང་ཞིང་ལས་ཀྱི་སྤུས་དག་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ཁུངས་ལེགས་ཆ་དང་།འབྱུང་ཁམས་ཀྱི་ལེགས་ཆ།རིག་གནས་ཀྱི་ལེགས་ཆ་བཅས་ཐོན་རྫས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་ནས་གྲོང་གསེབ་ཀྱི་སྤྲོ་གསེང་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།2023ལོར་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ལོ་ཧྲིལ་པོར་སྤྲོ་གསེང་ཞིང་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་8400ཟིན་ཡོད་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-08 6 6 拉萨日报藏文 c178939.html 1 ཞིང་ལས་དང་གྲོང་གསེབ་པུས་དཔྱིད་དུས་ཀྱི་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གྱི་སྤུས་དག་ལམ་ཐིག་དང་མཛེས་ལྗོངས་ཁུལ་ཁྱབ་བསྒྲགས་བྱས་པ། /enpproperty-->