分享按钮

སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་ཚན་པས་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པར་ཕན་འབྲས་ལེགས་པོ་ཐོན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་ལེན་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ཞིང་། རྒྱལ་ཡོངས་སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་ཚན་པས་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཞབས་ཞུ་དང་འགན་ལེན་བྱེད་པའི་ལས་དོན་ཁག་ཏན་ཏིག་ངང་བསྒྲུབས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

རྒྱལ་ཡོངས་སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་ཚན་པས་ཁེ་ལས་དང་འབྲེལ་བ་ཡོད་པའི་མངོན་གསལ་དོད་པའི་ཉེས་གསོག་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་གན་རྒྱའི་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་མ་དངུལ་བསྡུ་སྒྲིལ་གྱི་རིགས་དང་། མནའ་འབྲེལ་ཀྱི་རིགས། བོགས་གཏོང་གི་རིགས་བཅས་ཀྱི་གན་རྒྱའི་ཁ་བསླུས་རྒྱག་པའི་གྱོད་གཞི་རབ་དང་རིམ་པ་རྩད་ཆོད་དེ་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཁེ་ལས་ཀྱི་ཆད་ལུས་དང་། ཁེ་ལས་ཀྱི་རྒྱུ་ནོར་བརྐུ་བ་དང་བཙན་བཟུང་བྱེད་པ། ལས་གནས་ལ་བརྟེན་ནས་བཙན་བཟུང་དང་། མ་དངུལ་གཞན་སྤྱོད་དང་དེ་བཞིན་ཚོང་ལས་ཐད་ལྐོག་རྔན་སྤྲོད་ལེན་སོགས་དམངས་གཉེར་ཁེ་ལས་ནང་ཁུལ་གྱི་མི་སྣའི་རུལ་སུངས་གི་ཉེས་གསོག་ལ་གཙོ་གནད་དུ་རྡུང་རྡེག་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་རུལ་སུངས་རིགས་ལ་བཅོས་སྒྲིག་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཁྲོམ་རའི་སྒྲིག་ལམ་ཚབས་ཆེན་དཀྲུགས་པའི་ལྐོག་མཐུན་འོས་དཔོད་དང་དཔང་རྟགས་ཡིག་ཆ་རྫུན་མ་མཁོ་འདོན་བྱེད་པ་སོགས་ཀྱི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ནས་དྲང་གཞག་དང་དྲང་བདེན་གྱི་ཁྲོམ་རའི་གཉེར་སྐྱོང་གི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་པ་རེད།

ས་གནས་ཁག་གི་སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་ཚན་པས་ས་གནས་དེ་གའི་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་པ་སྟེ། ཨན་ཧུའེ་ཡི་གསར་སྤེལ་དྲ་ཐོག་ཏུ་ཨན་ཧུའེ་ཡི་ཁེ་ལས་ལ་སྲུང་སྐྱོང་བྱེད་ཅེས་པའི་དཔལ་འབྱོར་ཉུལ་ཞིབ་ཀྱི་ལས་སྟེགས་བཏོན་པ་དང་། ཧྥུ་ཅན་དུ་ཁེ་ལས་ལ་སྲུང་སྐྱོང་མ་ལག་གཏོད་པ། ཐན་ཅིན་དུ་བཟོ་ཚོང་ལས་རིགས་དང་མཉམ་འབྲེལ་བྱས་ནས་ཁེ་ལས་ཀྱི་ཞབས་ཞུའི་ཉིན་མོའི་བྱེད་སྒོ་སྤེལ་བ། ཅང་ཤིས་སུ་འགན་ལེན་བྱ་ཡུལ་གྱི་ཁེ་ལས་ལ་ཞབས་ཞུའི་འབྲེལ་གཏུག་ལས་དོན་གྱི་ལམ་སྲོལ་དང་གཅིག་བྱས་པ་བཞིའི་ལས་ཀའི་ལམ་སྲོལ་བཙུགས་པ། གྲུང་ཆིང་དུ་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཁྲིམས་སྐྱོང་སློབ་ཚན་སོགས་གཉེར་ནས་བརྒྱུད་རིམ་ཧྲིལ་པོ་ཁེ་ལས་ཀྱི་དགོས་མཁོར་དམ་འཛིན་བྱེད་པ་དང་། ཁེ་ལས་སུ་ཞབས་ཞུ་སྣུར་སྲིང་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-08 6 6 拉萨日报藏文 c178938.html 1 སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་ཚན་པས་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པར་ཕན་འབྲས་ལེགས་པོ་ཐོན་པ། /enpproperty-->