ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར།སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་འབྱུང་ཁམས་ཁོར་ཡུག་པུའུ་སོགས་ཚན་པ་ལྔ་ཡིས་བརྡ་ཐོ་བཏང་ནས་ས་གནས་ཁག་ལ་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུའི་མདོང་ལམ་དྲ་བའི་ཞན་ཆ་མགྱོགས་མྱུར་གསབ་དགོས་པའི་བླང་བྱ་བཏོན་པ་རེད། 2027ལོར་སླེབས་སྐབས།གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་འཚོ་བའི་བཙོག་ཆུ་ཐད་འབུད་བྱེད་ས་དང་སྒྲིག་བཀོད་མེད་པའི་ཁུལ་སྤྱིར་ན་མེད་པ་བཟོས་ཏེ་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཅིག་སྡུད་བསྡུ་རུབ་བྱེད་ཚད་བརྒྱ་ཆ་73ཡན་ཟིན་པ་བྱས་ནས་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་བསྡུ་རུབ་དང་གཙང་སེལ་གྱི་ཕྱོགས་བསྡུས་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།
ས་གནས་ཁག་གིས་བཙོག་ཆུ་བསྡུ་རུབ་མ་ལག་གི་གནད་དོན་གྲལ་བཤེར་བྱ་རྒྱུ་ཡིན་ཞིང་། བརྡ་ཐོའི་བླང་བྱ་གཞིར་བཟུང་། ལོ་5ནས་10བར། གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུའི་མདོང་ལམ་དྲ་བར་གྲལ་བཤེར་དང་རིམ་པ་བཞིན་དུ་རྒྱུས་ལོན་བྱེད་པའི་བླང་བྱར་གཞིགས་ནས་ས་གནས་ཁག་གིས་བཙོག་ཆུའི་མདོང་ལམ་དྲ་བའི་ད་ལྟའི་གནས་བབ་ལ་དཔྱད་དཔོག་དང་ཉམས་གསོའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་མདོང་ལམ་དྲ་བའི་ཕུགས་ཕན་དོ་དམ་དང་དཔྱད་ཞིབ་དཔྱད་དཔོག་ལམ་སྲོལ་འཛུགས་རྒྱུ་རེད། བཙོག་ཆུ་གཙང་སེལ་བཟོ་གྲྭ་ནས་སྦགས་བཙོག་དངོས་པོ་བཞུར་ཚད་ཅུང་དམའ་བའི་ས་ཁུལ་དུ་ཨར་ལས་ཀྱི་ཆར་ཆུ་ཕྱིར་འབུད་དང་། གྲོང་ཁྱེར་གྱི་ཆུ་ལྡོག་འདྲེན། ས་འོག་གི་ཆུ་སིམ་བཞུར་སོགས་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུའི་མདོང་ལམ་དུ་ཚུད་པའི་གནད་དོན་ལ་གྲལ་བཤེར་བྱ་རྒྱུ་ཡིན་པ་རེད།
ས་གནས་ཁག་གིས་ད་དུང་བཙོག་ཆུའི་མདོང་ལམ་སྒྱུར་བཀོད་བྱེད་མགྱོགས་སུ་བཏང་ནས་ཆུ་ལམ་རྒྱུད་ཀྱི་ཆར་ཆུ་ཕྱིར་འབུད་ས་དང་ཆུ་འདྲེན་སྒྱུར་བཀོད་བྱས་ཏེ།གཙང་པོ་དང་མཚེའུའི་ཆུ་འཚོ་བའི་བཙོག་ཆུའི་མདོང་ལམ་དུ་འདྲེན་རྒྱུ་ནན་འགོག་བྱ་རྒྱུ་རེད། བེད་སྤྱོད་ལོ་ཚད་ལས་བརྒལ་བ་དང་། རྒྱུ་ཆ་རྗེས་ལུས་ཡིན་པ། གནད་དོན་མངོན་གསལ་དོད་པ་བཅས་ཀྱི་ཆུ་འབུད་སྒྲིག་ཆས་གསར་སྒྱུར་གྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་རྒྱུ་ཡིན་པ་རེད།
བརྡ་ཐོའི་ནང་བཙོག་ཆུ་བསྡུ་རུབ་དང་གཙང་སེལ་སྒྲིག་ཆས་ཀྱི་སྟོང་ཆ་གསབ་རྒྱུར་སྐུལ་འདེད་གཏོང་དགོས། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་ཆེ་འབྲིང་གིས་བཙོག་ཆུ་གཙང་སེལ་བྱེད་པའི་སྒྲིག་བཀོད་དང་གཞི་ཁྱོན་ཅན་གྱི་འདམ་རྫབ་ཕྱོགས་བསྡུས་གཙང་སྒྱུར་བྱེད་པའི་སྒྲིག་བཀོད་ཚད་ལས་བརྒལ་ནས་འཛུགས་སྐྲུན་བྱེད་པར་བསྔགས་སྐུལ་བྱེད་དགོས་པ་ཁ་གསལ་སྟོན་ཡོད་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社