སྔོན་གྱི་འགོ་ཁྲིད་ཀྱིས་འཆར་འགོད་བྱས་པའི་རྣམ་གྲངས་ཀྱི་མཇུག་འཕྲོའི་ལས་དོན་དང་།སྔོན་གྱི་འགོ་ཁྲིད་ཀྱིས་གཏན་འབེབས་བྱས་པའི་སྲིད་ཇུས་རྩིས་མེད་དུ་གཏོང་བ།སྔོན་གྱི་འགོ་ཁྲིད་ཀྱིས་ཁས་བླངས་པའི་བྱ་བ་རྣམས་རྩིས་མེད་དུ་གཏོང་བ་སོགས་ནི་ལོ་མང་རིང་ས་གནས་ཁ་ཤས་ཀྱི་ཚོང་གཉེར་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གཅོང་ནད་ལྟ་བུ་ཞིག་རེད།
ཉེ་བའི་ལོ་ཤས་རིང་།ཀྲུང་དབྱང་ནས་ས་གནས་བར་རིམ་ཁག་སྲིད་གཞུང་གིས་འབྲེལ་ཡོད་བྱེད་ཐབས་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་དཔོན་པོ་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པའི་བྱེད་སྤྱོད་མུ་མཐུད་བཅོས་སྒྲིག་བྱས་ཡོད།དེར་བརྟེན་དེའི་ཆེད་དུ་སྲིད་གཞུང་གི་ཁ་དན་ཚིག་ལ་མ་གནས་པའི་འགན་འཁྲི་བདའ་འདེད་ལམ་ལུགས་དང་སྲིད་དོན་གྱི་ཡིད་རྟོན་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡའི་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་ཡོད།
འོན་ཀྱང་ས་གནས་ཁ་ཤས་སུ་དཔོན་པོ་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པའི་སྣང་ཚུལ་སྔར་བཞིན་ཡང་ཡང་ཐོན་བཞིན་ཡོད་པས།ཁེ་ལས་ཀྱིས་བློ་ཁོག་ཆེན་པོས་མ་དངུལ་འཇོག་མི་ཕོད་པ་དང་མགྱོགས་མྱུར་འཕེལ་རྒྱས་གཏོང་མི་ཐུབ་པར་ཚོད་འཛིན་གྱི་རྒྱུ་རྐྱེན་གལ་ཆེན་དུ་གྱུར་ཡོད།དེས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་འཚེ་བཟོ་བར་མ་ཟད།ད་དུང་སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་པ་དང་འབྲེལ་བའང་ཡོད།
དཔོན་གསར་གྱིས་རྩིས་ཐོ་རྙིང་པ་ཐག་གཅོད་བྱ་རྒྱུ་ནི་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་པར་དགོས་ངེས་ཀྱི་དོན་སྙིང་ཞིག་དང་དངོས་ཡོད་ཀྱི་དགོས་མཁོ་ཞིག་རེད།
སྲིད་ཇུས་ཀྱི་བརྟན་ལྷིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ནས་སྲིད་ཇུས་ཀྱི་ཁོར་ཡུག་བརྟན་པོ་ཞིག་གཏོད་རྒྱུ་དེ་ནི་ཁེ་ལས་ཀྱིས་བློ་བདེའི་ངང་ཐོན་སྐྱེད་གཉེར་སྐྱོང་དང་ཁྲོམ་ར་གསར་འབྱེད་བྱ་རྒྱུར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་ལ།སྔོན་དཔག་དང་བློ་བདེའི་ངང་མ་རྩ་འཕར་སྣོན་དང་རྒྱ་བསྐྱེད་གཏོང་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཤིག་ཀྱང་རེད།དཔོན་གསར་གྱིས་རྩིས་ཐོ་རྙིང་པ་ཐག་གཅོད་བྱ་རྒྱུའི་བླང་བྱ་བཏོན་པ་ནི་ཁེ་ལས་ཀྱི་སྐབས་བརྗེའི་སེམས་ཁྲལ་དང་འགོ་ཁྲིད་ལས་བྱེད་པ་ལེགས་སྒྲིག་གི་སེམས་ཁྲལ་སེལ་ཐུབ་ནས་སྲིད་གཞུང་གི་ཁས་ལེན་འགྱུར་མི་སྲིད་པ་དང་།སྲིད་ཇུས་འགྱུར་མི་སྲིད་པ།སྐབས་གཅིག་གི་རྗེས་སུ་གཅིག་གིས་མུ་མཐུད་ནས་སྒྲུབ་པ་དང་།འཆར་འགོད་གཅིག་མཐའ་འཁྱོལ་བར་དོན་འཁྱོལ་བྱས་ཏེ་བློ་བག་ཡངས་པོས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཐུབ།
དཔོན་གསར་གྱིས་རྩིས་ཐོ་རྙིང་པ་ཐག་གཅོད་བྱེད་པ་ནི་འགོ་ཁྲིད་ལས་བྱེད་པའི་ལས་དོན་སྒྲུབ་ཚུལ་དང་འགན་འཁྲི་འཁུར་བར་ཉམས་ཚོད་ལེན་པ་ཞིག་རེད།
གསར་དུ་བསྐོས་པའི་འགོ་ཁྲིད་ལས་བྱེད་པས་རྩིས་ཐོ་རྙིང་པ་དང་ལྷག་པར་དུ་རྙོག་དྲ་ཆེ་བའི་བྱ་བ་དང་འཕྲད་སྐབས་འཕྲལ་སེལ་སླ་བཅོས་དང་རྣམ་པ་ཙམ་དུ་མ་ལུས་པར་སྤྱོད་ཚུལ་ནན་ཏན་ངང་མགོ་མཇུག་ཡོད་པར་བྱེད་དགོས།གནད་དོན་ལ་ཐུག་དུས་གཡོལ་ཐབས་དང་ཁ་ཡ་མི་བྱེད་པ་བྱེད་མི་རུང་བར་ཧུར་ཐག་གིས་ཁ་གཏད་འཇལ་བ་དང་ཐག་གཅོད་འོས་འཚམ་བྱེད་དགོས།ལག་རྩལ་གསར་གཏོད་ཀྱི་འཕོ་འགྱུར་རྒྱུན་མི་ཆད་པར་མགྱོགས་སུ་འགྲོ་བའི་དུས་འདིར་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཁུར་པོར་བརྟེན་ནས་བཅོས་སྐྱོང་བྱེད་ནུས་དེ་བས་ཆེ་རུ་གཏོང་དགོས་ཤིང་། སྲིད་ཇུས་ཀྱི་འགྱུར་ལྡོག་འགྲོ་མགྱོགས་པའི་གནས་ཚུལ་མི་ཐོན་པར་བྱེད་དགོས་ལ་འགྱུར་ལྡོག་གི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ལེགས་སྒྲིག་བྱེད་དགོས།
དཔོན་གསར་གྱིས་རྩིས་ཐོ་རྙིང་པ་ཐག་གཅོད་བྱེད་པ་ནི་ཁྲིམས་སྐྱོང་སྲིད་གཞུང་དང་ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན།
སྲིད་ཇུས་བརྟན་ན་དགའ།རྒྱལ་སྐྱོང་རྒྱུན་པར་བརྟེན།གན་རྒྱར་བརྩི་འཇོག་བྱ་རྒྱུ་ནི་ཁྲིམས་སྐྱོང་གི་རྨང་གཞི་ཡིན་པས་སྒྲིག་སྲོལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གན་འཇོག་གི་སྙིང་སྟོབས་དར་སྤེལ་གཏོང་དགོས།དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤིག་ཡིན།འགོ་ཁྲིད་བརྗེས་རྗེས་གན་རྒྱ་ཤོག་སྙིགས་སུ་བརྩི་རྒྱུ་མེད་པས།རིམ་ཁག་སྲིད་གཞུང་གིས་ཡིད་རྟོན་འཛུགས་སྐྱོང་ཁྲོད་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་ཞོགས་པའི་བཀའ་རྒྱ་དགོང་མོར་སྒྱུར་བ་གཏོང་བ་དང་།ཁྲོམ་རའི་དྲང་གཞག་ཉོ་ཚོང་ལ་གནོད་འཚེ་བཟོ་བ།ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བ་སོགས་སྲིད་དོན་གྱི་ཁ་དན་ཚིག་ལ་མ་གནས་པའི་བྱེད་སྤྱོད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་།ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཁེ་ལས་ཀྱི་མ་འཇོག་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
(ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་4ཚེས་6ཉིན་འབྱོར་བའི་གློག་འཕྲིན)(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社