འདི་ལོ་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་། རིག་གནས་ཅུས། རིག་དངོས་ཅུས། ཡུལ་སྐོར་འཕེལ་རྒྱས་ཅུས། སྡོད་ཁང་དང་གྲོང་གསེབ་དང་གྲོང་ཁྱེར་འཛུགས་སྐྲུན་ཅུས་སོགས་ཚན་པ་སྒྲིག་འཛུགས་བྱས་ཏེ་རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་ཚོགས་ཆུང་གིས་གྲོང་ཁྱེར་ཡོངས་སུ་དུས་རབས་ཀྱི་རྒྱུན་འཛིན་ཐོན་རྫས་དང་། ལག་རྩལ། ཞབས་ཞུ་བཅས་ལ་ཞིབ་དཔྱད་བྱས་པ་དང་དུས་མཚུངས་ལྷ་སའི་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་འབྲེལ་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་ངོས་འཛིན་གཅིག་མཐུན་བྱུང་བའི་ཡིད་རྟོན་དང་མཚན་སྙན་ལྡན་པའི་འདུན་ཞུའི་ཁེ་ལས་ལ་ཞིབ་དཔྱད་བྱས་ཡོད་པ་རེད། སྤྱི་བསྒྲགས་བྱས་པ་བརྒྱུད།ཁེ་ལས་15ལྷ་སའི་ཚོང་རྟགས་རྙིང་ཁུངས་སུ་གཏན་འཁེལ་བྱས་པ་དང་ཁེ་ལས་6བོད་ཀྱི་ཚོང་རྟགས་རྙིང་ཁུངས་སུ་གཏན་འཁེལ་བྱས་པར་མ་ཟད། ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་གཉིས་ཏེ།བོད་ལྗོངས་གཡུ་དགེ་ཚང་བཟོ་ཚོང་ཚད་ཡོད་ཀུང་སི་དང་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིར་ཀྲུང་ཧྭའི་ཚོང་རྟགས་རྙིང་ཁུངས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ནས་བོད་རང་སྐྱོང་ལྗོངས་ལ་ཀྲུང་ཧྭའི་ཚོང་རྟགས་རྙིང་ཁུངས་མེད་པའི་སྟོང་ཆ་བསྐངས་ཡོད་པ་རེད།
ཉེ་ཆར། གསར་འགོད་པ་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་སྲོལ་རྒྱུན་བོད་སྨན་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས་དྲི་བཞོན་རླུང་བུ་དང་འགྲོགས་ནས་བོད་སྨན་གྱི་དྲི་ཞིམ་འཐུལ་ཞིང་།ལས་དོན་པས་བོད་སྨན་རིལ་བུ་བཟོ་བཞིན་ཡོད་པ་རེད། བོད་སྨན་བཟོ་གྲྭའི་ལས་དོན་པས་གསར་འགོད་པར་བོད་སྨན་རིལ་བུ་ཆུང་ཆུང་ཞིག་བཟོ་བར་སྨན་རྒྱུ་འཚོལ་བསྡུ་དང་། འདེམས་སྒྲུག འདུལ་སྦྱོང་། སྐམ་བསིལ། དུག་སེལ། ཐུམ་སྒྲིལ་རྒྱག་པ་སོགས་རྙོག་འཛིང་ཆེ་བའི་ལས་རིམ་མང་པོ་བརྒྱུད་རྗེས་གཞི་ནས་སྨན་དུ་འགྱུར་ཐུབ།བདུད་རྩི་རྟགས་ཅན་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་བོད་སྨན་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཤིག་ཡིན་པའི་ངོས་ནས་མིག་སྔར་རྒྱལ་སྨན་གྱི་ཆོག་འཐུས་ཨང་རྟགས་ཡོད་པའི་སྨན་རིགས་55ཡོད་པ་དང《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག》ནང་སྨན་སྣ་ཁ་21དང་། OTC(སྨན་ཐོ་མི་དགོས་པ)སྣ་ཁ་11 ད་ཡོད་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་8དང་སྤྱོད་གོ་ཆེ་བའི་དཔེ་གསར་གྱི་ཁེ་བེད་བདག་ཐོབ་1 ཕྱི་ཤོག་གི་ཁེ་བེད་བདག་ཐོབ་7སོགས་ཡོད་པ་རེད། དེའི་ནང་མུ་ཏིག་བདུན་ཅུ་སྡེབ་སྦྱོར་བྱ་རྒྱུ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད་ཅེས་བཤད།
བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ལིང་པོས་ཚོང་རྟགས་རྙིང་ཁུངས་ནང་བདམས་པའི་ཁེ་ལས་ལ་ཁྲོམ་རའི་རྨང་གཞི་དང་སྤུས་རྟགས་རྒྱ་ཁྱབ་ལྡན་ཡོད་པས་དུས་ཚོད་དང་ཁྲོམ་རའི་ཞིབ་དཔྱད་ཐེག་ཐུབ་ཀྱི་ཡོད།ང་ཚོས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལས་དོན་ཚོགས་ཆུང་བཙུགས་ནས་ཆེད་མངགས་ལག་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལས་དོན་སྤེལ་ཏེ་ཐོན་རྫས་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་མི་སྣའི་རྩལ་ནུས་སོགས་ཀྱི་ལས་དོན་ཟམ་མི་ཆད་པར་མང་དུ་བཏང་བས་ཀུང་སིའི་ཐོན་རྫས་ཀྱི་ཐོན་ཚད་དང་ཐོན་རྫས་རིན་ཐང་གཉིས་ལྡབ་འཕར་བྱུང་ཡོད་ཅེས་བཤད།
ཚོང་རྟགས་རྙིང་པ་ཞེས་པ་ནི་སྙིང་པོ་གཅིག་ཏུ་བསྡུས་པའི་གསོན་ཉམས་དོད་པའི་ལོ་རྒྱུས་ཤིག་ཡིན་ཞིང་། མི་རབས་ཁ་ཤས་ཀྱི་ཐུན་མོང་གི་དྲན་ཤེས་དང་མི་རིགས་རིག་གནས་ཀྱི་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་དཔང་པོ་བྱས་ཡོད། ཐང་ག་ནི་བོད་ཀྱི་དམངས་ཁྲོད་མངོན་མིན་རིག་གནས་རྒྱུན་འཛིན་གྱི་གཞི་རྟེན་ཞིག་ཡིན་པའི་ངོས་ནས་ས་གནས་ཀྱི་དཔལ་འབྱོར་ལ་སྐུལ་ཁྲིད་ཐུབ་པར་མ་ཟད།རིག་གནས་ལ་བརྟེན་ནས་དམངས་ཕྱུག་ཀྱང་བྱུང་ནས་རིག་གནས་ཀྱི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་ཡོད། བོད་ཀྱི་ཚོང་རྟགས་རྙིང་ཁུངས་ཡིན་པའི་བོད་ལྗོངས་བསྟན་པ་རབ་བསྟན་ཐང་གའི་སྒྱུ་རྩལ་སློབ་གྲྭ་བཙུགས་ནས་ལོ་40ལྷག་ཙམ་སོང་རིང་རྒྱལ་ཁབ་ཕྱི་ནང་ལ་ཁ་ཕྱོགས་ནས་ཐང་གའི་ཆེད་ལས་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད།དགེ་ཕྲུག་ཁག་གཅིག་རྒྱལ་ཁབ་རིམ་པའི་བཟོ་རྩལ་མཛེས་རྩལ་མཁས་ཅན་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社